数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཁུལ་གྱི་མང་ཚོགས་རྣམས་ཐའེ་ཅིའི་དྲག་རྩལ་ལ་དགའ་ཞེན་ཆེ།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ1ཚེས4ཉིན། གསར་འགོད་པས་ཁུལ་ཐའེ་ཅི་དྲག་རྩལ་མཐུན་ཚོགས་ནས་ཤེས་པ་ལྟར་ན། མཐུན་ཚོགས་འདི2016ལོར་བཙུགས་པ་ནས་བཟུང་། ལས་འཛིན་ལྷན་ཚོགས་ཀྱི་ལས་གནས་བཀོད་སྒྲིག་བྱས་པ་གྲ་དག་ཅིང་། འགན་འཁྲི་གསལ་བོར་ཡོད་པ་དང་། ནང་ཁུལ་གྱི་དོ་དམ་བཟང་ལ། ནོར་གྱི་ཡོང་འབབ་དང་འགྲོ་སོང་གསལ་བར་མ་ཟད། ཚོགས་པར་ཞུགས་པའི་མིའི་ཡིག་ཚགས་བཟོས་འདུག་པ་སོགས་ཏེ། ལས་ཀ་ཐམས་ཅད་ཚགས་དམ་ཞིང་གོ་རིམ་ལྡན།མིག་སྔར་ཐོ་འགོད་བྱས་པའི་ཚོགས་མི100ལྷག་ཡོད་པ་དང་། རང་ཁུལ་གྱི་མང་ཚོགས་རྣམས་ཐའེ་ཅིའི་དྲག་རྩལ་ལ་དགའ་ཞིན་ཆ།

ཤེས་གསལ་ལྟར་ན། མཐུན་ཚོགས་ཀྱིས་དམངས་ཡོངས་ཀྱི་ལུས་པོ་སྦྱོང་བརྡར་དང་ཐའེ་ཅི་དྲག་རྩལ་ཁྱབ་གདལ་དུ་གཏོང་བའི་ལས་དོན་དོན་འཁྱོལ་རྣམ་དག་བྱས་པར་མ་ཟད། མཐུན་ཚོགས་འདི་བཙུགས་པ་ནས་བཟུང་། ལོ་རེའི་ཟླ་བརྒྱད་པར་ལིས་རྫོང་གི་ཀུབ་རོ་མགོ་གྲོང་རྡལ་ཁྱུ་ཏི་སྡེ་བར་ཁུལ་ཡོངས་ཀྱི་ཐའེ་ཅིའི་དྲག་རྩལ་ལ་དགའ་མོས་ཡོད་མཁན་ཐམས་ཅད་ལ་ཁ་ཕྱོགས་ཏེ་གཅིག་གྱུར་གྱིས་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་གི་ནང་དོན་གཙོ་བོར་སྲོལ་རྒྱུན་གྱི་རུས་ཡང་ཅན་གྱི་ཐའེ་ཅིའི་དྲག་རྩལ་ཞེས་པ་དང་དྲག་རྩལ་གྱི་རྨང་གཞིའི་ནུས་རྩལ་སོགས་རེད། རྔ་བ་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་མང་པོ་ཁྲེང་ཏུའུ་དང་ཏུའུ་ཅང་ཡན་སོགས་སུ་གནས་སྡོད་བཅས་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། ཟླ་རེར་དུས་ཚོད་གཏན་ཁེལ་གྱིས་གཟའ་མཇུག་ཏུ་ཁྲེང་ཏུའུ་གྲོང་ཁྱེར་གྱི་མཐའ་འཁོར་ས་ཁུལ་དུ་རིན་མི་དགོས་པར་གསོ་སྦྱོང་བྱས་ཏེ། ཐའེ་ཅིའི་དྲག་རྩལ་ལ་དགའ་མཁན་རྣམས་ལ་མཛུབ་སྟོན་དང་སློབ་ཁྲིད་བྱས་པ་རེད། མིག་སྔར་གསོ་སྦྱོང་དུ་ཞུགས་པའི་མི600ལྷག་ཡོད་འདུག

དུས་མཚུངས་སུ་ཐའེ་ཅིའི་དྲག་རྩལ་མཐུན་ཚོགས་ཧུར་ཐག་གིས་རིགས་མི་འདྲ་བའི་དྲག་རྩལ་འགྲན་སྡུར་སོགས་སུ་ཞུགས་ཏེ། དྲག་རྩལ་ཕྱོགས་ཀྱི་བསམ་བློ་བརྗེ་རེས་ལ་སྐུལ་འདེད་བཏང་བ་རེད། 2017ལོའི་ཟླ9བར། རྩ་འཛུགས་བྱས་པའི་དྲག་རྩལ་པ་རྣམས“ཞང་ཀང་མེས་རྒྱལ་གྱི་པང་དུ་ཕྱིར་ལོག་ནས་ལོ་ངོ་ཉི་ཤུ་ལོན་པའི་དགའ་སྟོན་གྱི་མཛད་སྒོ”དང་ཐའེ་ཅིའི་དྲག་རྩལ་འཁྲབ་སྟོན་དང་འགྲན་སྡུར་བྱེད་པའི་བྱེད་སྒོར་ཞུགས་པར་མ་ཟད། རང་ཁུལ་གྱི་ཐའེ་ཅིའི་དྲག་རྩལ་མཐུན་ཚོགས་ཀྱི་མའོ་རྫོང་གི་འཐུས་མིའི་རུ་ཁག་ལ་ཐའེ་ཅིའི་དྲག་རྩལ་ཚོགས་པའི་ཟངས་ཀྱི་རྟགས་མ་ཐོབ་པ་ཡིན་ནོ། །

(ཚུལ་ཁྲིམས་རྡོ་རྗེས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50737.html 1 རང་ཁུལ་གྱི་མང་ཚོགས་རྣམས་ཐའེ་ཅིའི་དྲག་རྩལ་ལ་དགའ་ཞེན་ཆེ། /enpproperty-->