数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

འདྲ་པར།

རི་བོ་སྐུ་བླའི་ལྗོངས་ཁུལ་དོ་དམ་ཅུས་དང་ཁུལ་ལུས་རྩལ་ཅུས། བཙན་ལྷ་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཁྲེང་ཏུའུ་ལིང་ཕན་རི་འཛེགས་ཕྱི་རོལ་འགུལ་སྐྱོད་སློབ་གྲྭས་འགན་སྒྲུབ་བྱས་པའི2018ལོའི་ཁའེ་ལེ་ཧྲིའི་རི་བོ་སྐུ་བླའི་དར་འཛེགས་དུས་སྟོན་དེ2017ལོའི་ཟླ12པའི་ཚེས31ཉིན། བཙན་ལྷ་རྫོང་རི་བོ་སྐུ་བླའི་ཧྲོང་ཆའོ་ལྗོངས་ཁུལ་ནས་སྤེལ། ཐེངས་འདིའི་བྱ་འགུལ་གྱིས་འཁྱགས་རྒོལ་ཞེས་པ་བརྗོད་དོན་དུ་བྱས་པས། ཨ་རི་སོགས་རྒྱལ་ཁབ་མི་འདྲ་བ་དང་རང་རྒྱལ་གྱི་ཕྱོགས་སོ་སོའི་དར་འཛེགས་ལུས་རྩལ་ལ་སྤྲོ་བ་ཡོད་མཁན200ལྷག་འགྲན་སྡུར་དུ་ཞུགས་པ་རེད།

དར་འཛེགས་དུས་སྟོན་འདིར། ཐོག་མའི་དར་འཛེགས་གསོ་སྦྱོང་དང་དར་འཛེགས་ཤེས་བྱའི་འཆད་འཁྲིད། ལོ་སར་དགོང་ཚོགས་སོགས་ཀྱི་བྱ་འགུལ་མང་པོ་སྤེལ་ཏེ། རི་བོ་སྐུ་བླའི་ཁྱད་མཚར་བའི་འཁྱགས་དར་གྱི་ལེགས་ཆ་ཕྱིར་མངོན་པ་དང་། དེ་དང་མཉམ་དུ་འཚོ་བར་དང་དོད་དང་རང་བྱུང་ཁམས་ཆེན་པོར་བརྩེ་བས་ཕྱུག་པ། ལྷག་པར་རི་ཁུལ་ཕྱི་རོལ་འགུལ་སྐྱོད་ལ་དགའ་བའི་གྲོགས་པོ་གང་མང་ཞིག་ལ་དར་འཛེགས་ཀྱི་ཉམས་མྱོང་དང་སློབ་སྦྱོང་སོགས་ཀྱི་གོ་སྐབས་ལེགས་པོ་ཞིག་བསྐྲུན་ཏོ། །

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50738.html 1 འདྲ་པར། /enpproperty-->