数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཧུང་ཡོན་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་ཚན་རིག་ཁྱབ་ གདལ་གྱི་ཉེར་མཁོའི་དཔེ་ཆ་ལྔ་རྩོམ་སྒྱུར་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། གསར་འགོད་པས་ཧུང་ཡོན་རྫོང་ཚན་རྩལ་དང་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ཅུས་ནས་རྒྱུས་ལོན་བྱས་པ་ལྟར་ན། 2017ལོར་ཧུང་ཡོན་རྫོང་ཚན་རྩལ་དང་ཤེས་ཡོན་གྱི་ཐོན་དངོས་བདག་དབང་ཅུས་ཀྱིས་སྣེ་ཁྲིད་དེ། ཚན་རྩལ་ཀྱིས་འཕེལ་རྒྱས་ལ་སྣེ་ཁྲིད་དང་མི་སྣ་གསོ་སྐྱོང་གི་སྒུལ་ཤུགས་ཡིན་པའི་འདུ་ཤེས་ལ་རྒྱུན་འཁྱོངས་དང་། ཚན་རྩལ་རྣམ་གྲངས་ལ་བརྟེན་ནས་ཐོན་ལས་གྱི་ཕན་ནུས་ཇེ་མཐོར་གཏོང་བ། རྫོང་དེའི་ཐོན་ལས་ལག་རྩལ་གྱི་རྨང་གཞི་ཇེ་བརྟན་དང་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་ནས། བོད་རྒྱ་སྐད་གཉིས་ཀྱི་ཆེད་མཁས་པ་མང་པོ་གདན་དྲངས་ནས། བོད་རྒྱ་སྐད་གཉིས་ཀྱི་ཚན་རིག་ཁྱབ་གདལ་གྱི་ཉེར་མཁོའི་དཔེ་ཆ་ལྔ་རྩོམ་སྒྱུར་བྱས། དཔེ་ཆ་དེ་དག་ནི་《སོན་བཟང་གཟན་རྩྭ་འདེབས་འཛུགས་དང་བེད་སྤྱོད་བྱེད་སྟངས་སྐོར་གྱི་ལག་དེབ》《ཕྱུགས་ཟོག་གསོ་སྤེལ་བྱེད་སྟངས་སྐོར་གྱི་ལག་དེབ》《བོད་ལུག་གསོ་སྤེལ་དང་དོ་དམ་བྱེད་སྟངས་སྐོར་གྱི་ལག་དེབ》《མཐོ་སྒང་དུ་སྔོ་ཚལ་འདེབས་འཛུགས་བྱེད་སྟངས་སྐོར་གྱི་ལག་དེབ》《ཕྱུགས་ཟོག་གི་ནད་རིགས་སྔོན་འགོག་གི་ཉེར་མཁོའི་ཤེས་བྱ》སོགས་ཡིན། མིག་སྔའི་བར་དུ་དཔེ་ཆ5000ལྷག་པར་སྐྲུན་བྱས་ནས། གསོ་སྦྱོང་ཚོགས་འདུ་དང་ཚན་རིག་ཁྱབ་གདལ་སོགས་ཀྱི་རྣམ་པས་རིན་མི་དགོས་པར་འབྲོག་པ་མང་ཚོགས་ལ་སྟེར་བ་རེད་དོ།།

(གསར་འགོད་པ་མགོན་པོ་ཚེ་བརྟན།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50739.html 1 ཧུང་ཡོན་རྫོང་གིས་བོད་རྒྱ་སྐད་གཉིས་ཀྱི་ཚན་རིག་ཁྱབ་ གདལ་གྱི་ཉེར་མཁོའི་དཔེ་ཆ་ལྔ་རྩོམ་སྒྱུར་བྱས། /enpproperty-->