数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

ལྷ་རྒྱལ་གླིང་གི་གཞུང་ལམ་ཡན་ལག་ཅུས་ཀྱིས་དགུན་དུས་སུ་བགྲོད་ལམ་ཤར་གཏོང་ཡོང་བར་ཁག་ཐེག་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། ལྷ་རྒྱལ་གླིང་གཞུང་ལམ་ཡན་ལག་ཅུས་ཀྱིས་དགུན་དུས་སུ་བགྲོད་ལམ་ཤར་གཏོང་ཁག་ཐེག་ཡོང་བར་འབད་པ་ཧུར་ཐག་བསྐྱེད།

ཅུས་ཀྱིས་གཞུང་ལམ་གྱི་ཞིབ་བཤེར་ཚད་ཇེ་མང་དུ་བཏང་སྟེ་མངའ་ཁོངས་ཀྱི་ཟམ་པ་དང་། ཆུ་རྐ། ལམ་འགྲམ་དང་། རྨང་རྡོ། འཁྱགས་དར་ཆགས་སླ་བའི་ས་ཁུལ་དུ་ཞིབ་བཤེར་དང་། གཙང་སེལ། བཅོས་སྐྱོང་མང་དུ་བྱས་ཤིང་། ལམ་ལས་ས་ཚིགས་ཀྱི་ལས་བྱེད་པས་ཉིན་རེའི་བདག་གཉེར་ཚད་ཇེ་མཐོར་བཏང་སྟེ། ཁ་བའི་མགོ་མཇུག་བར་གསུམ་དུ་ཞིབ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་དུས་རྟག་པར་ལམ་རྒྱུད་ཀྱི་གད་སྙིགས་བསལ་བ་རེད། མཛེས་ལྗོངས་གཙོ་ཤོས་ལྟད་མོའི་ཡུལ་དང་། འབྲོག་ཁྲིམ་སྤྲོ་གསེང་གླིང་གའི་ལམ་རྒྱུད་ཀྱི་འགྱིག་རིགས་གད་སྙིགས་སོགས་ཞིབ་ཏུ་བསལ་བ་དང་། ལམ་ངོས་དང་ལམ་འགྲམ་གཙང་མ་བཟོས་ཤིང་། དུས་ཐོག་ཏུ་ལམ་རྒྱུད་དུ་ཞུད་འགོག་དངོས་པོ་སྤུངས་པ་དང་། དེར་མཚོན་རྟགས་བྱང་བུ་འགེལ་བ། དེ་མིན་ལས་བྱེད་པར་འགྲོ་འོང་བའི་འཁོར་རིགས་དཀའ་ཁག་ལ་ཕྲད་ཚེ་རོགས་རམ་བྱས་ཏེ་ལམ་ལས་པའི་གཞན་ཕན་དང་གཏོང་ཕོད་ཀྱི་གཤིས་སྤྱོད་མངོན་པའོ།།

(ཆོས་རྒྱས་ཀྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50741.html 1 ལྷ་རྒྱལ་གླིང་གི་གཞུང་ལམ་ཡན་ལག་ཅུས་ཀྱིས་དགུན་དུས་སུ་བགྲོད་ལམ་ཤར་གཏོང་ཡོང་བར་ཁག་ཐེག་བྱས། /enpproperty-->