数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

ཟུང་ཆུ་རྫོང་གིས་ལྗོངས་སྐོར་དང་གོང་འཕེལ་གྱི་མཉམ་ འབྲེལ་རྣམ་པས་དཔལ་འབྱོར་ལ་རམ་འདེགས་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། ལྗོངས་སྐོར་ཐོན་ལས་མུ་མཐུད་དུ་གོང་འཕེལ་ཡོང་ཆེད་དུ། ཉེ་བའི་ལོ་ཤས་རིང་ནས་བཟུང་ཟུང་ཆུ་རྫོང་གིས་ལྗོངས་སྐོར་དང་གོང་འཕེལ་མཉམ་འབྲེལ་གྱི་རྣམ་པ་བརྩོན་ལེན་བྱས་པར་གྲུབ་འབྲས་མི་དམན་པ་ཞིག་བླངས་འདུག

ལྗོངས་སྐོར་དང་རིག་གནས་མཉམ་འབྲེལ་བྱས་པ། རྫོང་གིས་བོད་ཆའང་ཧའེ་རྒྱ་སོགས་མི་རིགས་མང་པོའི་རིག་གནས་མཉམ་འདུས་ཀྱི་ལྗོངས་སྐོར་ཐོན་ལས་སྣ་མང་ཅན་དང་། མི་རིགས་ཀྱི་ཁྱད་ལྡན་ལྗོངས་སྐོར་ཐོན་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་ལྗོངས་སྐོར་ཚོང་རྫས་བཏོན་པ་དང་། དམར་དམག་རྒྱང་སྐྱོད་ཀྱི་དྲན་གསོའི་རྡོ་རིང་རྟེན་གཞི་གཞིར་བཟུང་སྟེ་གསར་བརྗེའི་རིག་གནས་ལྗོངས་སྐོར་འབུར་དུ་ཐོན་པ་བྱས་འདུག།

ལྗོངས་སྐོར་དང་རྩལ་སྦྱོང་མཉམ་འབྲེལ་བྱས་པ། སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོང་གི་རྨང་གཞིའི་སྟེང་དུ། མུ་སྤེལ་འཕེལ་རྒྱས་ཀྱི་དམིགས་འབེན་གཞིར་བཟུང་ཞིང་། ལྗོངས་སྐོར་གོང་འཕེལ་གྱི་རྣམ་པ་ཤུགས་ཀྱིས་བསྐྲུན་ཏེ་ཕྱི་རོལ་རྩལ་སྦྱོང་གི་རྣམ་གྲངས་དང་། རི་ཁུལ་གྱི་རྩལ་སྦྱོང་། ཕྱི་རོལ་ཉེན་འཆོང་སོགས་ཕྱི་རོལ་ལྗོངས་རྒྱུའི་རྣམ་གྲངས་སོགས་བསྐྲུན་ཏེ། གངས་ཁྲོད་ཀྱི་རྩལ་སྦྱོང་རྣམ་གྲངས་སོགས་སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན་གྱི་གོང་འཕེལ་གྱི་རྣམ་པ་གཞིར་བཟུང་སྟེ། སྐྱེ་ཁམས་ཀྱི་མཐུན་རྐྱེན་འདི་དཔལ་འབྱོར་གྱི་མཐུན་རྐྱེན་དུ་བསྒྱུར་ཏེ་རྫོང་ཁོངས་ཀྱི་དཔལ་འབྱོར་སྒྲིག་གཞིར་སྙོམས་སྒྲིག་དང་། ཁྱད་ལྡན་ཐོན་ལས་སྟོབས་ཆེན་དུ་གཏོང་བ། དཔལ་འབྱོར་རྒྱུ་སྤུས་མཐོར་འདེགས། གོང་འཕེལ་ནུས་པ་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་འདུག

ལྗོངས་སྐོར་དང་ཞིང་ལས་མཉམ་འབྲེལ་བྱས་པ། རྫོང་མཁར་གྱི་མངའ་ཁོངས་སུ་ལྗོངས་སྐོར་ལས་རིགས་སྲོག་ཤིང་ཏུ་བརྩིས་ཏེ། མངའ་ཁོངས་ཀྱི་ཞིང་ལས་ཐོན་ཁུངས་ལ་ཕྱོགས་ཡོངས་ནས་བཅོས་སྒྲིག་བྱས་ཏེ། མེ་ཏོག་གི་གླིང་ག་དང་འབྲོག་ཁྱིམ་སྤྲོ་གསེང་གླིང་ག ཡུལ་གྲོང་དམངས་སྲོལ་སོགས་ཀྱི་ཁྱད་ལྡན་ཞིང་ལས་ལྗོངས་སྐོར་གྱི་རྣམ་གྲངས་བསྐྲུན་ཏེ། མངའ་ཁོངས་ཀྱི་ཐོན་ཁུངས་ཐོན་ལས་མཉམ་དུ་གོང་འཕེལ་དང་རྒྱུ་སྤུས་མཐོར་འདེགས་ཡོང་བ་མངོན་དུ་ཕྱོགས་ཏེ། ལྗོངས་སྐོར་ལས་རིགས་ཀྱིས་སྣེ་ཁྲིད་པའི་སྤྱི་ཚོགས་དཔལ་འབྱོར་འཆམ་མཐུན་གོང་འཕེལ་གྱི་རྣམ་པ་གསར་བ་ཞིག་ཆགས་པ་དང་། ཞིང་ལས་དང་ལྗོངས་སྐོར་མཉམ་འདུས་ཀྱི་གོང་འཕེལ་གྱི་རྣམ་པ་མངོན་དུ་གྱུར་ཡོད།།

(ཆོས་རྒྱས་ཀྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50743.html 1 ཟུང་ཆུ་རྫོང་གིས་ལྗོངས་སྐོར་དང་གོང་འཕེལ་གྱི་མཉམ་ འབྲེལ་རྣམ་པས་དཔལ་འབྱོར་ལ་རམ་འདེགས་བྱས། /enpproperty-->