数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

ད་ལོར་ལྗོངས་སྐོར་གྱིས་དབུལ་ཕོངས་པ་ཁྲི12.6གི་ཡོང་སྒོ་འཕར་བར་རམ་འདེགས་བྱས།

ལྗོངས་སྐོར་དབུལ་སྐྱོར་དཔེ་སྟོན་ཁུལ15དང་ལྗོངས་སྐོར་དབུལ་སྐྱོར་གྲོང་ཚོ164གསར་དུ་བསྐྲུན།

ངེད་གསར་འགྱུར་གྱི་གསར་བཀོད། ད་ལོར་ཞིང་ཆེན་ཡོངས་སུ་ལྗོངས་སྐོར་དབུལ་སྐྱོར་དཔེ་སྟོན་ཁུལ15དང་ལྗོངས་སྐོར་དབུལ་སྐྱོར་གྲོང་ཚོ164གསར་དུ་བསྐྲུན་པ་དང་། འགྲུབ་ཚད་སོ་སོ་བརྒྱ་ཆ136དང146ཡིན། ཚད་ལྡན་གྱི་གྲོང་དམངས་སྡོད་ཁང702དང་། ཡུལ་གྲོང་ལྗོངས་སྐོར་ཁྱད་ལྡན་ཐོན་ལས་གཉེར་སྐྱོང་ས་ཚིགས500ལྷག་གསར་དུ་བསྣན་ཏེ། ཁྱིམ་ཚང་ཁྲི3.7དང་དབུལ་ཕོངས་པ་ཁྲི12.6ལས་ཀར་ཞུགས་པའམ་ཡོང་སྒོ་འཕར་བ་བྱས།

ད་ལོར་རང་རེའི་ཞིང་ཆེན་གྱིས་ཀྲུང་དབྱང་དང་་ཞིང་ཨུ། ཞིང་ཆེན་སྲིད་གཞུང་གིས་སྐུལ་འདེད་གནང་བའི་དབུལ་ཕོངས་ས་ཁུལ་གྱི་དབུལ་སྒྲོལ་གནད་འཁེལ་འཐབ་ཇུས་ཀྱི་བཀོད་སྒྲིག་གཞིར་བཟུང་སྟེ། ཁོངས་ཡོངས་ལྗོངས་སྐོར་བྱས་ནས་བཟུང་སྟེ་ནུས་ཤུགས་ཡོད་རྒུས་དབུལ་ཕོངས་ས་ཁུལ་དུ་ལྗོངས་སྐོར་དབུལ་སྐྱོར་སྤེལ་ཞིང་། སི་ཁྲོན་མི་རིགས་ས་ཁུལ་གྱི་ཁོངས་ཡོངས་ལྗོངས་སྐོར་གོང་འཕེལ་གྱི་འཆར་འགོད་རྩ་དོན་བསྒྲིགས་ཏེ་ཐོན་ཁུངས་དང་། མ་དངུལ། སྲིད་ཇུས་སོགས་ཀྱིས་དབུལ་ཕོངས་ས་ཁུལ་དུ་ལྗོངས་སྐོར་ཐོན་ལས་གོང་འཕེལ་གཏོང་བ་དང་། ལྗོངས་སྐོར་མཛེས་ལྗོངས་ཁོངས་ཡོངས་ཅན་དང་། ཁོངས་ཡོངས་སུ་ཞབས་ཞུས་ཁེབས་པ། ལྗོངས་ཁུལ་བཅོས་སྐྱོང་གིས་ཁོངས་ཡོངས་སུ་ཁེབས་པ། ཁོངས་ཡོངས་ཀྱི་འབྲེལ་ཡོད་ཐོན་ལས་མཉམ་འབྲེལ། གོང་འཕེལ་གྱི་འབྲས་བུ་ཀུན་གྱིས་ལོངས་སུ་སྤྱོད་པ་སོགས་སི་ཁྲོན་གྱི་མི་དང་ས་ཁུལ་གྱི་ཁྱད་ཆོས་མངོན་པར་དོད་པའི་མུ་སྤེལ་གོང་འཕེལ་གྱི་ལམ་བུ་ཞིག་གསར་དུ་བཏོད།

སློབ་གླིང་དང་ཁེ་ལས་ཕྱོགས་མང་པོ་ནས་སྤྱི་ཚོགས་རང་བཞིན་གྱི་དབུལ་སྐྱོར་ལམ་ལུགས་སུ་མཉམ་ཞུགས་དང་། སྡེ་ཁག་མཉམ་འབྲེལ་གྱིས་དཔེ་སྟོན་རྣམ་གྲངས་འཛུགས་སྐྲུན་གྱི་ལམ་ལུགས་བསྐྲུན་པ་ནི་ད་ལོའི་ལྗོངས་སྐོར་དབུལ་སྐྱོར་གྱི་ལས་དོན་གཙོ་བོ་ཡིན་ལ། རང་རེའི་ཞིང་ཆེན་གྱིས་སློབ་གླིང་གི་ཚན་ཞིབ་ལས་ཁུངས་ཀྱིས་ཆིན་པ་རི་ཁུལ་དང་། ཝུའུ་མོང་ཁུལ། ལིའང་ཧྲན་དབྱི་རིགས་ས་ཁུལ་ཆེ་ཆུང་གཉིས། མཐོ་སྒང་བོད་ཁུལ་སོགས་ས་ཁུལ་བཞི་ཡི་ལྗོངས་སྐོར་དབུལ་སྐྱོར་སྐུལ་འདེད་ལྟེ་གནས་བསྐྲུན་ཏེ། ལྗོངས་ཁུལ་གྱིས་གྲོང་ཚོ་འཁྲིད་པ་དང་། ཀུང་སི་དང་ཞིང་ཁྱིམ། མཉམ་ལས་ཁང་དང་ཞིང་ཁྱིམ། འཇོན་ལྡན་མི་སྣས་ཁྱིམ་ཚང་གི་སྣེ་འཁྲིད་པ་སོགས་ལྗོངས་སྐོར་དབུལ་སྐྱོར་གྱི་རྣམ་པ་ཚུགས་ཡོད།

ལྗོངས་སྐོར་དབུལ་སྐྱོར་དུ་ནོར་སྲིད་ཀྱིས་མ་དངུལ་གཏོང་ཚད་ཇེ་ཆེར་ཕྱིན་ཡོད་ལ། རང་རེའི་ཞིང་ཆེན་གྱིས་ཞིང་ཆེན་རིམ་པའི་ལྗོངས་སྐོར་གོང་འཕེལ་གྱི་མ་དངུལ་ནས་ལྗོངས་སྐོར་དབུལ་སྐྱོར་ས་ཁུལ་དུ་བརྒྱ་ཆ50ཡན་གཏོང་བ་དང་། 2016ལོ་ནས་བཟུང་ཁྱོན་ཞིང་ཆེན་རིམ་པའི་ལྗོངས་སྐོར་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར2.725ཡི་གཞིར་བཟུང་སྟེ། གྲོང་ཁྱེར་དང་ཁུལ། རྫོང་སོགས་ཁྱོན་ལྗོངས་སྐོར་རྣམ་གྲངས734སྣེ་ཁྲིད་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་རྣམ་གྲངས་ཡོངས་ལས་བརྒྱ་ཆ72.32ཟིན་ཡོད། དོན་དངོས་སུ་ལྗོངས་སྐོར་མ་དངུལ་སྒོར་དུང་ཕྱུར815བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་མ་དངུལ་ཡོངས་ལས་བརྒྱ་ཆ60.28ཟིན་ཡོད། མིག་སྔའི་བར་དུ་རང་རེའི་ཞིང་ཆེན་གྱི་དབུལ་ཕོངས་ས་ཁུལ་དུ་ཡུལ་གྲོང་ལྗོངས་སྐོར་རྫོང་མཁར30དང་། ཁྱད་ལྡན་གྲོང་རྡལ82། བཀོད་ལེགས་གྲོང་སྡེ56། ཡུལ་གྲོང་ལྗོངས་སྐོར་དཔེ་སྟོན་རྟེན་གཞི7། ཁྱད་ལྡན་ལས་རིགས་གཉེར་སྐྱོང་ས་ཚིགས1101། ཡུལ་གྲོང་སྡོད་ཁང1977བཅས་བསྐྲུན་ཏེ། སྣ་མང་རང་བཞིན་གྱི་ཡུལ་གྲོང་ལྗོངས་སྐོར་ཐོན་རྫས་ཀྱི་མ་ལག་ཚུགས་ཡོད།།

(ཆོས་རྒྱས་ཀྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 ལྗོངས་སྐོར་དབུལ་སྐྱོར་དཔེ་སྟོན་ཁུལ15དང་ལྗོངས་སྐོར་དབུལ་སྐྱོར་གྲོང་ཚོ164གསར་དུ་བསྐྲུན། 4 4 阿坝日报藏文 c50744.html 1 ད་ལོར་ལྗོངས་སྐོར་གྱིས་དབུལ་ཕོངས་པ་ཁྲི12.6གི་ཡོང་སྒོ་འཕར་བར་རམ་འདེགས་བྱས། /enpproperty-->