数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

ང་ནི་ང་སྟེ་བསོད་ནམས་ཆེ་བའི་བུ།

ང་ནི་ང་སྟེ་གདོང་དམར་བོད་པའི་བུ།།

རྩམ་དྲི་ཐུལ་ལེ་སློབ་གྲྭར་འགྲོ་བའི་བུ།།

མར་ཁུ་རུས་པའི་རྐང་ལ་ཟུག་པ་ཡིས།།

ནམ་ཡང་ཞུམ་པ་མེད་པའི་དཔའ་སྤོབས་མངའ།།

ང་ནི་ང་སྟེ་གངས་ཅན་བོད་པའི་བུ།།

ཕ་དང་ཨ་ཁུའི་སེམས་ཀྱི་གཅེས་ལོ་སྟེ།།

གངས་ཀྱི་རང་བཞིན་མདོག་དང་ཡོངས་འདྲིས་ནས།།

གངས་རི་བཞིན་བརྗིད་གངས་དཀར་མདོག་དང་ལྡན།།

ང་ནི་ང་སྟེ་ཆོས་ལྡན་བོད་པའི་བུ།།

ས་དགེ་བཀའ་རྙིང་ཇོ་ནང་གཡུང་བོན་ལ།།

རིས་མེད་དད་པའི་སྤུ་ལོང་རྒྱས་བཞིན་དུ།།

ཞིང་གི་མཐུ་ལ་རྒྱབ་རྟེན་བཅོལ་བའི་མི།།

ང་ནི་ང་སྟེ་རོང་ཚ་འབྲོག་པའི་བུ།།

ཕྱི་ནང་རིག་པའི་ཉིང་བཅུད་ལ་རོལ་ནས།།

མ་འོངས་གངས་ལྗོངས་འཛུགས་བསྐྲུན་བྱ་མཁས་བུ།།

ཆོལ་གསུམ་མདོ་དབུས་ཁམས་ཀྱི་ཚབ་དང་མཚོན།།

♦གཡང་སྐྱབས་རྡོ་རྗེ།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50748.html 1 ང་ནི་ང་སྟེ་བསོད་ནམས་ཆེ་བའི་བུ། /enpproperty-->