数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

འཛོམས་པ་ཡག་མོ།

འུར་ཆ་བྲག་ལ་སྐོར་བའི།།

ཨ་ཅ་བྷོ་ཊའི་འབྲོག་མོས།།

དབྱངས་གསལ་རྡོ་ཡི་རི་མོ།།

ལན་བུའི་གསེབ་ན་སྦས་པ།།

ཡག་པོ་འཛོམས་པ་ཡག་མོ།།

ནམ་མཁའི་སྐར་མ་མ་ལོན།།

འདོད་པའི་ལག་ཟུང་བསྲིངས་ཡོད།།

གོས་ཆེན་ཚར་ལྭའི་གོང་ཁར།།

རྒྱན་ཞིག་བཏགས་ན་བསམ་བྱུང་།།

ཡག་པོ་རྒྱན་ལ་ཡག་པོ།།

ཕ་གི་སྤང་རིའི་རིམ་གྱི།།

མེ་ཏོག་བཀྲག་མདངས་ཡག་པ།།

ལན་བུ་རྒྱ་ལྕང་ལོ་མར།།

རྐང་གཅིག་སླས་པ་རྨིས་སོང་།།

ཡག་པོ་ཆ་ལ་ཡག་པོ།།

♦སྦར་བཟའ་དབང་ཆེན་མཚོ།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50749.html 1 འཛོམས་པ་ཡག་མོ། /enpproperty-->