数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

གཞོན་པའི་ལང་ཚོ།

ང་ཚོ་ནི་བྱིས་པ་ནས་ནར་སོན་པའི་གོ་རིམ་བརྒྱུད་པ་ནས་བཟུང་ལང་ཚོའི་དུས་ཚོད་ལ་ཕྱིར་ལྡོག་མེད། དེའི་ཕྱིར། ནར་སོན་པའི་གོ་རིམ་འོག་ཏུ་ངའི་བྱ་བ་གཙོ་བོ་ནི་བསླབ་ལ་བརྩོན་པ་དེ་ཡིན། བྱིས་པ་ནས་ད་ལྟ་ལ་ཐུག་པའི་བར་དུ་སློབ་སྦྱོང་བྱས་ནས་ནར་སོན་པ་ཡིན། ད་ལོར་རང་ལོ་བཅུ་བདུན་ལ་སོན་ཡོད། དེའི་རིང་གི་འཚོ་བ་ནི་སློབ་སྦྱོང་བྱས་ལས་གལ་ཆེ་བ་ཞིག་མ་བྱུང་ཞིང་དེ་ནི་བདེ་སྐྱིད་ཅིག་ཡིན། རྒྱུ་མཚན་ནི་ངས་སློབ་སྦྱོང་བྱས་ནས་འཚར་ལོངས་བྱུང་བ་ཡིན་ཅིང་། སློབ་སྦྱོང་བྱས་ན་ད་གཟོད་ང་ཚོའི་འཚོ་བ་ལ་བདེ་སྐྱིད་དང་རྨི་ལམ་ལ་མཛེས་སྡུག་འཁོར་སྲིད། དེ་ལས་ལྡོག་ན་སྟོབས་ཀྱི་ངར་ཤུགས་དང་ལང་ཚོའི་མཛེས་སྡུག་གིས་བཏགས་པའི་གཞོན་པའི་སྐལ་བཟང་དེ་སྐྱིད་སྡུག་འདྲེས་མའི་རླུང་ཁ་ནས་ཧྲལ་ཧྲུལ་དུ་བཟོ་སྲིད་ཨང་།

ང་ཚོ་གཞོན་པའི་དུས་སུ་དུས་ཚོད་ལ་དམ་འཛིན་བྱ་དགོས། སྒོས་སུ་སློབ་མ་ཞིག་ཡིན་ཕྱིན་སྨྲ་ཅི་དགོས། བསླབ་ལ་འབུངས་ཏེ་རྣམ་དཔྱོད་ཀྱི་གཤོག་ཟུང་མཁའ་རུ་རྐྱོངས་པ་དང་། སློབ་གྲོགས་ཚོའི་བརྩེ་སེམས་དྲོན་མོའི་འོ་མ་ལ་གསེར་གྱི་མར་ལོས་ལེགས་པར་བརྒྱན་པ་ནི་གཞོན་པའི་དུས་ཀྱི་བདེ་སྐྱིད་ཅིག་ཡིན་ལ། མ་འོངས་པར་མཛེས་སྡུག་ལྡན་པའི་ཕྱིར་དྲན་གྱི་ལེའུ་དེ་ཡང་ཅིས་ཡིན་མི་སྲིད།

གཞོན་པའི་ལང་ཚོ་དར་ལ་བབས་པ་ནི་བྱིས་པ་ནས་གཞོན་པའི་བར་གྱི་འཚོ་བའི་བརྒྱུད་རིམ་ཡིན། ཨ་ལགས་ཀྱིས། གཞོན་པའི་ལང་ཚོ་ཞེས་པ་ནི་ཧ་ཅང་བདེ་སྐྱིད་ལྡན་པའི་བསྐལ་བ་བཟང་པོ་ཞིག་ཡིན། བྱིས་པ་དང་རྒན་པའི་བར་དུ་ཆེས་བདེ་སྐྱིད་ལྡན་པ་ནི་གཞོན་པའི་དུས་སྐབས་ཡིན། ལང་ཚོ་དར་ལ་བབས་པའི་དུས་ཤིག་ཀྱང་ཡིན་ཞེས་གསུངས།

ངའི་བསམ་པར་བྱིས་དུས་ནི་སྐྱིད་པའི་སྐབས་ཤིག་རེད་འདོད་མྱོང་། འོན་ཀྱང་། ངའི་བསམ་ཚུལ་དེ་ནི་ནོར་འཁྲུལ་ཞིག་ཏུ་འདོད། རྒྱུ་མཚན་བྱིས་པའི་དུས་སུ་དོན་ཅི་ཞིག་བསྒྲུབ་ཀྱང་རང་ཉིད་ཀྱིས་མི་ནུས་པས་ཕ་མ་དང་སྤུན་མཆེད་ཚོར་ཁེན་དགོས། གཞོན་པའི་སྐབས་སུ་མཐུན་རྐྱེན་དང་སྐུལ་འདེད་འོག་ཏུ་རང་ནུས་ཅི་ལྕོགས་ཀྱིས་བསྒྲུབ་ཐུབ་ལ་སྤོབས་པའི་ངར་ཤུགས་ཀྱང་འདོན་ཐུབ། ལང་ཚོ་མེ་རུ་སྒྲོན་པའི་ཆོད་སེམས་དེའང་ཡོད་ཕྱིར། གཞོན་པའི་དུས་ཀྱི་ང་ཚོ་ནི་ཆེས་སྐྱིད་ཤོས་དང་སྐལ་བ་བཟང་ཤོས་ཀྱི་རིགས་ཀྱི་བུ་དང་བུ་མོ་དེ་ཚོ་ཅིས་མ་ཡིན་ཨང་།།♦ངག་དབང་མཚོ།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50751.html 1 གཞོན་པའི་ལང་ཚོ། /enpproperty-->