数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

བོད་ཀྱི་ཀློག་པ་པོའི་ཐུན་མོང་གི་ཁྱིམ་གཞིས་དྲོན་མོ།

བོད་ལྗོངས་སློབ་ཆེན་དུ་སློབ་གྲྭའི་སློབ་མ་འགྱུར་མེད་ཀྱིས། ང་ལོང་བ་ཞིག་ཡིན་ནའང་དཔེ་དེབ་ལས་ཚེ་སྲོག་གི་མཚར་སྡུག་བཀྲ་བའི་ཁ་མདོག་དེ་ཚོར་ཐུབ་ཀྱི་འདུག་ལ། མི་ཚེར་སྟོབས་ཤུགས་དང་འོད་སྣང་གིས་ཁེངས། ཞེས་དེ་སྐད་བཤད།

ཉེ་ཆར། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ལྟ་ཀློག་ཚོགས་ཆེན་དུ་ཚོན་ཁྲ་ཅན་གྱི་ལྒང་ཕུག་དང་རྩྭ་རྩི་ཤིང་གི་རྒྱན་སྤྲས་པར་བརྒྱུད་ཧ་ཅང་སྐྱིད་སྣང་དོད་པོ་ཞིག་ཡོད། སྔ་དྲོའི་ཆུ་ཚོད11ཙམ་ལ་ལྟ་ཀློག་གིས་མི་ཚེར་དྲོ་སྐྱིད་སྦྱིན་ཞེས་བརྗོད་དོན་གཙོ་བོར་བྱས་པའི་དཔེ་ཀློག་མཁས་པར་བྱ་དགའ་སྤྲོད་པའི་བྱེད་སྒོ་འདི་གར་དགའ་སྣང་གི་ཁྲོད་མགོ་བརྩམས། རྩོམ་པ་པོ་དང་། དགེ་རྒན། ཚགས་པར་གྱི་རྩོམ་སྒྲིག་པ། སློབ་མ། ཉེན་རྟོག་པ། བདེ་སྲུང་བ་སོགས་བོད་ཀྱི་ས་ཆ་ཁག་དང་ལས་རིགས་ཁག་ནས་ཡོང་བའི་ལོ5ནས73བར་གྱི་ཀློག་པ་པོ་འདི་གར་འཛོམས་ནས་ཇ་མངར་མོ་འཐུང་བཞིན་དུ་བདེ་ཞིང་འཁྱུག་པའི་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་རང་ཉིད་ཀྱི་དཔེ་ཀློག་གི་ཉམས་མྱོང་དང་སྤྲོ་སྣང་བརྡེ་རེས་བྱེད་བཞིན་གདའ།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བདག་གཉེར་བ་ཚེ་བརྟན་བུ་ཁྲིད་ཀྱིས2017ལོར། བོད་ལྗོངས་དཔེ་མཛོད་ཁང་དུ་ཡོང་བའི་ཀློག་པ་པོ10ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཉེ་བའི་ལོ་ཤས་རིང་། བོད་དུ་དཔེ་ཀློག་བྱེད་མཁན་སྔར་ལས་མང་དུ་སོང་བ་དང་། སྤྱི་བའི་དཔེ་མཛོད་ཁང་གི་འདུ་ཤེས་ཀྱང་རིམ་བཞིན་ཟབ་ཏུ་འགྲོ་བཞིན་ཡོད། དཔེ་ཀློག་སྣ་མང་ཅན་གྱི་དགོས་མཁོ་ཆེ་རུ་འགྲོ་བ་དང་སྦྲགས་ང་ཚོས་ཀྱང་སླད་ཕྱིན་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་དེའི་ཁྲོད་ཞུགས་རྒྱུའི་ཡིད་དབང་བཀུག་ནས་གྲངས་གཞི་ཅན་གྱི་དཔེ་མཛོད་ཁང་འཛུགས་སྐྱོང་བྱེད་ཤུགས་སྔར་བས་ཆེར་གཏོང་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས། སྔ་དྲོའི་ཆུ་ཚོད12དང་སྐར་མ45ཙམ་བྱ་དགའ་སྤྲོད་པའི་མཛད་སྒོ་མགོ་བརྩམས་པ་དང་། དཔེ་ཀློག་ལ་དགའ་བའི་མི10ལ་བོད་ལྗོངས་དཔེ་མཛོད་ཁང་གི2017ལོའི་ལོ་འཁོར་གྱི་དཔེ་ཀློག་མཁས་པའི་གཟི་བརྗིད་མཚན་སྙན་ཐོབ་པའི་ཁྲོད་ལོ36ལ་སླེབས་པའི་བུ་བཅོལ་ཁང་གི་དགེ་རྒན་ཀྲང་མའེ་ཧྭ་ཡི་དཔེ་དེབ་གཡར་ཀློག་དེབ་གྲངས138ཟིན་ནས་ཨང་དང་པོ་ཐོབ་པ་དང་། ལོ12ལ་སླེབས་པའི་བོད་རིགས་སློབ་ཆུང་སློབ་མ་བདེ་ཆེན་དབང་མོའི་དཔེ་དེབ་གཡར་ཀློག་དེབ་གྲངས103ཟིན་ནས་ཨང་གཉིས་པ་ཐོབ་པ། ལོ73ལ་སླེབས་པའི་ཨ་ཁུ་མགོན་པོ་དབང་གྲགས་ལགས་ཀྱི་དཔེ་དེབ་གཡར་ཀློག་དེབ་གྲངས78ཟིན་ནས་ཨང་གསུམ་པ་ཐོབ་པ་རེད།

ད་ལོ་ང་ལོ་རིམ་དྲུག་པར་སླེབས་ཡོད། སློབ་གྲྭར་ཞག་སྡོད་བྱེད་དགོས་པས། དཔེ་དེབ་ནི་ངས་ཕྱི་རོལ་གྱི་འཛམ་གླིང་ལ་རྒྱུས་མངའ་ལོན་པའི་ཐབས་ལམ་ཡག་ཤོས་དེ་རེད། སྤྱི་བའི་དཔེ་མཛོད་ཁང་དུ་དཔེ་དེབ་ཧ་ཅང་མང་པོ་ཡོད་པར་མ་ཟད། དེ་དག་རིན་མེད་ངང་གཡར་ཆོག་པས། ང་འཚར་ལོངས་ཡོང་བར་ཕན་ཐོགས་ཆེན་པོ་འདུག་ཅེས་བདེ་ཆེན་དབང་མོས་དེ་ལྟར་བཤད། བོད་དུ་ལོང་བའི་ཡི་གེའི་དཔེ་དེབ་དེ་ཙམ་མང་པོ་མེད། ངའི་རེ་བར་སླད་ཕྱིན་དཔེ་མཛོད་ཁང་གིས་བོད་ཡིག་དང་དབྱིན་ཡིག་གི་ལོང་བའི་ཡི་གེའི་དཔེ་དེབ་མང་ཙམ་ནང་འདྲེན་བྱས་ཏེ་ལོང་བའི་དཔེ་དེབ་ལྟ་ཀློག་གི་དགོས་མཁོ་ཡག་པོ་སྐོང་ན་སྙམ་གྱི་འདུག ཅེས་འགྱུར་མེད་ཀྱིས་ཁ་གསབ་ཀྱི་ཚུལ་དུ་དེ་ལྟར་བཤད།

ཕྱི་དྲོའི་ཆུ་ཚོད1ཙམ་དུ་བྱ་དགའ་སྤྲོད་པའི་བྱེད་སྒོ་ཚང་མའི་སྨོན་འདུན་བཟང་པོའི་ཁྲོད་མཇུག་བསྒྲིལ་བ་རེད།

བོད་ལྗོངས་དཔེ་མཛོད་ཁང་ནི1996ལོའི་ཟླ7པར། གསར་དུ་བསྐྲུན་ནས་སྤྱོད་མགོ་ཚུགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་དེང་རབས་ཅན་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་རིམ་པའི་དཔེ་མཛོད་ཁང་ཁོ་ན་དེ་ཡིན། མིག་སྔར་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི40ལྷག་ཡོད་པའི་ཁྲོད་བོད་ཡིག་གི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་བམ་པོ15000དང་དཔེ་ཆ་ཁྲི10ལྷག་ཟིན་པ་དང་། གློག་རྡུལ་དཔེ་དེབ་ཁྲི14ལྷག་ཟིན་པ། དྲ་བརྙན3000ལྷག་ཟིན་པ་བཅས་སོ། །

(བསྟན་འཛིན་བློ་གྲོས་ཀྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50753.html 1 བོད་ཀྱི་ཀློག་པ་པོའི་ཐུན་མོང་གི་ཁྱིམ་གཞིས་དྲོན་མོ། /enpproperty-->