数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

ཆུ་ཆེན་རྫོང་གིས་རྫོང་མཁར་སྲང་ལམ་གྱི་གད་སྙིགས་བླུགས་སྒམ་ཚང་མ་གསར་དུ་བརྗེས།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། ཆུ་ཆེན་རྫོང་གིས་རྫོང་མཁར་གྱི་གད་སྙིགས་བླུགས་སྒམ་ཚང་མ་གཅིག་སྡུད་སྒོས་བསྒྱུར་བཅོས་བྱེད་པའི་ལས་དོན་སྤེལ། རྣམ་གསར་དང་ནུས་མང་གི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གད་སྙིགས་བླུགས་སྒམ་སྒྲིག་སྦྱོར་བྱས་ནས། གྲོང་རྡལ་གྱི་འཚོ་བའི་གད་སྙིགས་བསྡུ་སྐྱེལ་མ་ལག་འཛུགས་སྐྲུན་འཐུས་ཚང་བཏང་སྟེ། རྫོང་མཁར་དུ་གཙང་ཞིང་གྲལ་འགྲིག་པའི་ཁོར་ཡུག་ཅིག་བསྐྲུན།

རྒྱུས་ལོན་པ་ལྟར་ན། རྫོང་དེས་ཐེངས་འདིར་གད་སྙིགས་བླུགས་སྒམ་གཅིག་སྡུད་སྒོས་བསྒྱུར་བཅོས་བྱེད་ཁྲོད་དུ་གད་སྙིགས་བླུགས་སྒམ་ཆེ་གྲས30དང་། འབྲས་ཤུན་བླུགས་སྒམ41། གཙང་སྦྲ་བྱེད་པའི་རླངས་འཁོར2བེད་སྤྱོད་བྱེད་མགོ་བརྩམས་པ་དང་། ད་དུང་རྫོང་མཁར་དུ་ཅང་ཅ་ཝན་དུ་གནས་སྐབས་ཀྱི་གད་སྙིགས་རླངས་འཁོར་འབབ་ཚིགས་གཅིག་གསར་སྐྲུན་བྱས་པ་དང་། ཁྱོན་མ་དངུལ་སྒོར་ཁྲི45བཏང་།

ངོ་སྤྲོད་བྱས་པ་ལྟར་ན། ནུས་མང་གི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་གད་སྙིགས་བླུགས་སྒམ་གྱི་ཤོང་ཚད་ནི་སྤྱིར་བཏང་གི་གད་སྙིགས་བླུགས་སྒམ་གྱི་ལྡབ5ནས6ཙམ་ཡིན། བེད་སྤྱོད་བྱེད་ཁྲོད་དུ། ཁོར་ཡུག་སྲུང་སྐྱོང་གི་ལས་བཟོ་བས་གཙང་ཕྱགས་བྱས་པའི་གད་སྙིགས་གཅིག་སྡུད་ཀྱིས་གད་སྙིགས་སྒམ་ནང་དུ་བླུགས་ནས། གཙང་སྦྲ་བྱེད་པའི་རླངས་འཁོར་གྱིས་ཐད་ཀར་གད་སྙིགས་རླངས་འཁོར་འབབ་ཚིགས་སུ་བསྐྱལ་བས། ཁོར་ཡུག་སྲུང་སྐྱོང་གི་ལས་བཟོ་བའི་ལས་ཚད་ཇེ་ཉུང་དུ་སོང་བ་དང་། རྫོང་མཁར་གྱི་འཚོ་བའི་གད་སྙིགས་ནུས་ཡོད་སྒོས་ཐག་གཅོད་བྱེད་ཐུབ་པ་འགན་ལེན་བྱས་སོ།།(འོད་གསལ་མཚོས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-09 4 4 阿坝日报藏文 c50755.html 1 ཆུ་ཆེན་རྫོང་གིས་རྫོང་མཁར་སྲང་ལམ་གྱི་གད་སྙིགས་བླུགས་སྒམ་ཚང་མ་གསར་དུ་བརྗེས། /enpproperty-->