数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

སྐབས་བཅུ་གཉིས་པའི་ཁུལ་མི་དམངས་སྲིད་གཞུང་ གིས་རྒྱུན་ལས་ཚོགས་འདུ་ཐེངས13པ་འཚོགས།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་གཙོ་འགན་བཞེས་ནས་སྐབས་བཅུ་གཉིས་པའི་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས13པ་འཚོགས།

ཚོགས་འདུ་རུ《སྲིད་གཞུང་གི་ལས་ཀའི་སྙན་ཞུའི་ལས་ཀ་གཙོ་གནད་ཀྱི་ལས་བགོས་འཆར་འགོད》དང《2018ལོར་བསམ་གྲོས་དང་གྲོས་གཞི་བསྒྲུབ་པའི་ལས་ཀའི་འཆར་འགོད》ལ་གྲོས་ཞིབ་བྱས།

ཚོགས་འདུ་རུ་ད་དུང《རྔ་བ་ཁུལ་གྱི་ཁྲིམས་སྐྱོང་གི་སྲིད་གཞུང་བསྐྲུན་པའི་ཚད་གཞི་མ་ལག(ཚོད་ལྟའི་ལག་བསྟར)》དང《རྔ་བ་ཁུལ་གྱི་སྲིད་འཛིན་ཐབས་ཇུས་གལ་ཆེན་འགོད་སྐབས་མཁས་པ་ལ་བློ་འདྲི་དང་རིགས་པས་སྒྲུབ་པ་བྱ་བའི་བྱེད་ཐབས(ཚོད་ལྟའི་ལག་བསྟར།)》《རྔ་བ་ཁུལ་འདུམ་གཅོད་ཨུ་ཡོན་ལྷན་ཁང་གཟུག་པའི་རེ་ཞུ》སོགས་ལ་གྲོས་ཞིབ་བྱས།

ཚོགས་འདུ་རུ《རྔ་བ་ཁུལ་གྱི་རིག་གནས་ལས་དོན་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏང་བའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ》དང《འགྲིམ་འགྲུལ་གྱི་གཏན་སྡོད་དབུལ་སྐྱོར་རྣམ་གྲངས་བསྐྲུན་པའི་དོ་དམ་བྱེད་ཐབས།》《རྔ་བ་ཁུལ་གྱི་ཚན་རྩལ་གྲུབ་འབྲས་ཐོན་རྫས་སུ་བསྒྱུར་བའི་རྣམ་གྲངས་དོ་དམ་བྱེད་ཐབས》སོགས་ལ་གྲོས་ཞིབ་དང་ཞིབ་འཇུག་བྱས།།

(ཚེ་རིང་འབུམ་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51178.html 1 སྐབས་བཅུ་གཉིས་པའི་ཁུལ་མི་དམངས་སྲིད་གཞུང་ གིས་རྒྱུན་ལས་ཚོགས་འདུ་ཐེངས13པ་འཚོགས། /enpproperty-->