数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

ལིས་རྫོང་ཀུབ་རོ་མགོ་རྒྱལ་སྤྱིའི་ཆུ་ཁོལ་སྤྲོ་གསེང་གྲོང་རྡལ་འཛུགས་སྐྲུན་གྱི་ལས་རིམ་གཉིས་པའི་མགོ་བཟུང་།

ངེད་གསར་འགྱུར་གྱི་གསར་བཀོད། གསར་འགོད་པས་ལིས་རྫོང་སྲིད་གཞུང་ནས་རྒྱུས་ལོན་པ་ལྟར་ན། ཟླ1པོའི་ཚེས10ཉིན་ལིས་རྫོང་ཀུབ་རོ་མགོ་རྒྱལ་སྤྱིའི་ཆུ་ཁོལ་སྤྲོ་གསེང་གྲོང་རྡལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ལས་རིམ་གཉིས་པའི་མགོ་འཛིན་མཛད་སྒོ་ལིས་རྫོང་ཀུབ་རོ་མགོ་གྲོང་ཚོ་རུ་སྤེལ་འདུག ཀུབ་རོ་མགོ་རྒྱལ་སྤྱིའི་ཆུ་ཁོལ་སྤྲོ་གསེང་གྲོང་རྡལ་ནི་ཞིང་ཆེན་སྲིད་གཞུང་གི་གཙོ་གནད་རྣམ་གྲངས་ཤིག་ཡིན་པས། ཁུལ་སྲིད་གཞུང་གིས་སི་ཁྲོན་གོང་འཕེལ་ཚད་ཡོད་ཀུང་སི་དང་མཉམ་འབྲེལ་གྱིས་བསྐྲུན་བཞིན་ཡོད་ལ། ཆུ་ཁོལ་གྲོང་རྡལ་གྱི་འཛུགས་སྐྲུན་ལས་རིམ་གསུམ་དུ་བགོས་ཡོད་ལ། ལས་རིམ་དང་པོའི་ཆུ་ཁོལ་སྡེ་བ2015ལོའི་ཟླ3པར་ལས་མགོ་བརྩམས་ཤིང་། ད་ལྟ་དངོས་སུ་སྤྱོད་བཞིན་པའི་སྒང་རེད།

རྒྱུས་ལོན་པ་ལྟར་ན། ཀུབ་རོ་མགོ་རྒྱལ་སྤྱིའི་ཆུ་ཁོལ་སྤྲོ་གསེང་གྲོང་རྡལ་དུ་ཁྱོན་མ་དངུལ་སྒོར་དུང་ཕྱུར23བཏང་ཞིང་། ཁུལ་བཞི་རུ་ཕྱེས་ཡོད་ལ། ཁུལ་གཅིག་ནི་ཆུ་ཁོལ་དང་ལྗོངས་སྐོར་ཟུང་འབྲེལ་ཡིན་ལ། དེར་ཆུ་ཁོལ་རོལ་རྩེད་གླིང་ག་དང་། ཆུ་ཁོལ་སྤྲོ་གསེང་མགྲོན་ཁང་། འཁྲབ་སྟོན་ལྟེ་གནས་སོགས་ཡོད། ཁུལ་གཉིས་པ་ནི་ཆུ་ཁོལ་བདེ་གསོའི་སྤྲོ་གསེང་ཁུལ་ཡིན་ལ། དེར་ཆུ་ཁོལ་བདེ་གསོའི་ལྟེ་གནས་དང་། ངོ་མཚར་བའི་གཏེར་ཆུ། ཆུ་ཁོལ་སྤྲོ་གསེང་གི་ཤིང་ཁང་བཅས་ཡོད། ཁུལ་གསུམ་པ་ནི་རི་ཁུལ་ལྗོངས་སྐོར་སྤྲོ་གསེང་ཁུལ་ཡིན་ལ། དེར་གངས་ཞུད་ལྗོངས་སྐོར་ཁུལ་དང་། མཐོ་སྒང་འབྲོག་རའི་ལྗོངས་སྐོར་ཁུལ་བཅས་ཡོད། ཁུལ་བཞི་བ་ནི་གྲོང་རྡལ་དམངས་སྲོལ་སྤྲོ་གསེང་ཁུལ་ཡིན་ལ། དེར་ཆུ་ཁོལ་གྲོང་རྡལ་གྱི་ཡུལ་སྲོལ་ཁྲོམ་ར་དང་། ཆུ་འགྲམ་གྱི་ཚོང་ལས་དང་སྐྱེ་ཁམས་རླངས་འཁོར་འཇོག་ས་སོགས་ཡོད།།

(ཆོས་རྒྱས་ཀྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51187.html 1 ལིས་རྫོང་ཀུབ་རོ་མགོ་རྒྱལ་སྤྱིའི་ཆུ་ཁོལ་སྤྲོ་གསེང་གྲོང་རྡལ་འཛུགས་སྐྲུན་གྱི་ལས་རིམ་གཉིས་པའི་མགོ་བཟུང་། /enpproperty-->