数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

གཟི་རྩ་སྡེ་དགུ་རྫོང་གིས་གནོད་རྗེས་ཀྱི་ལས་ཞུགས་དང་སྤྱི་ ཚོགས་འགན་སྲུང་ལས་དོན་དམ་པོར་བཟུང་བ།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར་གསར་འགོད་པས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས་རྒྱུས་ལོན་པ་ལྟར་ན། གཟི་རྩ་སྡེ་དགུའི་གནོད་རྗེས་སླར་གསོར་རྒྱབ་སྐྱོར་དང་། གནོད་ཁུལ་གྱི་ངལ་རྩོལ་བ་མྱུར་དུ་ལས་ཀར་ཞུགས་ཐུབ་པར་སྐུལ་འདེད་གཏང་བ། གནོད་ཁུལ་མང་ཚོགས་ཀྱི་སྤྱི་ཚོགས་འགན་སྲུང་གི་ཁེ་ཕན་སྲུང་སྐྱོང་ཕྱིར་དུ། གཟི་རྩ་སྡེ་དགུ་རྫོང་གིས་ལས་ཞུགས་རོགས་སྐྱོར་དང་། ལས་རིགས་བརྗེ་སྤོར། ལས་ཤོར་འགན་སྲུང་ལག་ཏུ་བསྟར་བར་ཤུགས་བསྣན་ཏེ། ས་འགུལ་གནོད་རྗེས་ཀྱི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལས་དོན་དམ་པོར་བཟུང་།

ལས་ཞུགས་རོགས་སྐྱོར་ལ་ཤུགས་བསྣན་ཞིང་། གཟི་རྩ་སྡེ་དགུའི་རིམ་པ7.0ཅན་གྱི་ས་འགུལ་གནོད་རྗེས་སླར་གསོའི་ལས་དོན་དང་གཟི་མེན་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་ལས་ཀ་བའི་དགོས་མཁོ་གཞིར་བཟུང་ནས། ས་གནས་ཀྱི་གྲོང་བ་གནོད་རྗེས་སླར་གསོའི་ལས་ཀར་ཞུགས་པར་སྐུལ་འདེད་བཏང་ནས་དབུལ་སྒྲོལ་ཕྱུག་སྒྱུར་ལ་རམ་བུ་འདེགས་པའི་ལག་བསྟར་གྲོས་ཆོད་བཟོས་ཏེ། གནོད་ཁུལ་གྱི་ལས་ཤོར་བ་རྣམས་ཀྱི་ལས་གནས་བརྗེ་སྤོར་ལ་སྐུལ་འདེད་བཏང་བས། རྫོང་ཡོངས་ཀྱི་ལས་ཤོར་གྱི་ཚད་བརྒྱ་ཆ4.1ནས་བརྒྱ་ཆ3.8དུ་ཕབ་ཡོད།

ལས་གནས་བརྗེ་སྤོར་ལ་ཤུགས་བསྣན་ཞིང་། ཁྲེང་ཏུའུ་དང་ཆུང་ལེ་སོགས་ཀྱི་ལས་མི་བསྡུ་བ་དང་། ལས་གནས་གཞི་རིམ་དུ་སྐྱེལ་བ་ཞེས་པའི་ཆེད་དོན་ཞབས་ཞུའི་བྱེད་སྒོ་ཐེངས16སྤེལ་བས། ལས་ཀ་བ1600ལྷག་ལས་ཀར་ཞུགས་ཐུབ་པ་བྱུང་།

ལས་ཤོར་འགན་སྲུང་ལག་བསྟར་ཡོང་བ་བྱས་ཏེ། གོ་རིམ་ལྡན་པའི་ངང་ནས་ལས་ཤོར་འགན་སྲུང་དང་། གནོད་རྗེས་སུ་ལས་མཚམས་བཞག་པའི་ཁེ་ལས་ཀྱི་ལས་ཤོར་ཐོ་འགོད་ལས་དོན་སྤེལ་ཏེ། ད་ལྟ་ཐོ་རུ་བཀོད་པའི་གནོད་རྗེས་ཀྱི་ལས་ཤོར་བ656ཡོད་ལ། ལས་ཤོར་འགན་སྲུང་ཐོབ་འོས་པའི་མི753ཡོད། ལས་ཤོར་འགན་སྲུང་རོགས་དངུལ་སྒོར་ཁྲི212.07ཕུལ་ཞིང་སྨན་བཅོས་འགན་སྲུང་སྒོར་ཁྲི113.44སྤྲོད་རོགས་བྱས།།

(ཆོས་རྒྱས་ཀྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51189.html 1 གཟི་རྩ་སྡེ་དགུ་རྫོང་གིས་གནོད་རྗེས་ཀྱི་ལས་ཞུགས་དང་སྤྱི་ ཚོགས་འགན་སྲུང་ལས་དོན་དམ་པོར་བཟུང་བ། /enpproperty-->