数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

བདེ་ཐང་དང་བདེ་ཐང་སློབ་གསོ།

བདེ་ཐང་སློབ་གསོའི་ཐད།མིག་སྔར་སྤྱི་མཐུན་གྱིས་ངོས་ལེན་བྱེད་པའི་ཚད་ལྡན་གྱི་གོ་དོན་ཞིག་བཞག་མེད།ཨ་རིའི་རྒྱལ་ཡོངས་སློབ་གསོ་མཐུན་ཚོགས་ཀྱིས་བདེ་ཐང་སློབ་གསོའི་གོ་དོན་ལ་མི་སྒེར་དང་སྤྱི་ཁུལ་གྱི་འཕྲོད་བསྟེན་ཤེས་བྱ།རྣམ་འགྱུར་དང་སྤྱོད་ལམ་མཐོར་འདེགས་གཏོང་བར་མཁོ་སྤྲོད་བྱས་པའི་ཉམས་མྱོང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ལ་ཟེར། དེ་ཡང་བདེ་ཐང་སློབ་གསོ་ནི་ཤེས་བྱ་མཁོ་སྤྲོད་བྱེད་པ་དང་།བདེ་ཐང་ལ་འཛིན་པའི་རྣམ་འགྱུར་ལ་བསྒྱུར་བཅོས་གཏོང་བ། བདེ་ཐང་གི་སྤྱོད་ལམ་ལ་ཤུགས་རྐྱེན་སྤྲོད་པ་སོགས་ཀྱི་ཐབས་ལམ་སྤྱད་ནས་འཆར་གཞི་ལྡན་པའི་ངང་ཉམས་མྱོང་སློབ་སྦྱོང་བྱེད་པ་མཁོ་འདོན་དང་འཕེལ་རྒྱས་གཏོང་བ་དེ་ཡིན། དེ་མིན་མཁས་པ་རེ་འགའ་ནས་བདེ་ཐང་སློབ་གསོ་ནི་བརྡ་འཕྲིན་བརྒྱུད་བསྒྲགས་དང་སྤྱོད་ལམ་ལ་ཇུས་གཏོགས་བྱས་ནས། མི་རྣམས་ཀྱིས་འཕྲོད་བསྟེན་བདེ་སྲུང་གི་ཤེས་བྱ་དང་རྩལ་ནུས་ཁོང་དུ་ཆུད་པར་རོགས་རམ་བྱེད་པ་དང་། བདེ་ཐང་གི་འདུ་ཤེས་གཟུགས་པ། རང་འདོད་ཀྱི་ངང་ནས་བདེ་ཐང་གི་སྤྱོད་ལམ་དང་འཚོ་བའི་ཐབས་ལམ་ལ་ཕན་པའི་སློབ་གསོ་སྤེལ་བའི་བྱ་འགུལ་དང་བརྒྱུད་རིམ་ལ་ཟེར།

WHOསྐབས་བཅུ་གསུམ་པའི་འཛམ་གླིང་བདེ་ཐང་སློབ་གསོའི་ཚོགས་ཆེན་སྟེང་བདེ་ཐང་སློབ་གསོར་བཞག་པའི་གོ་དོན་ནི།

༡ བདེ་ཐང་སློབ་གསོ་ནི་བདེ་སྲུང་ཤེས་བྱ་དང་ལག་རྩལ་ཅི་ལྟར་ཁྱབ་བསྒྲགས་བྱེད་པ་དང་མི་སྒེར་དང་སྤྱི་བའི་སྤྱོད་ལམ་ལ་ཅི་ལྟར་ཤུགས་རྐྱེན་སྤྲོད་པ། ཉེན་ཁའི་རྒྱུ་རྐྱེན་ཅི་ལྟར་མེད་པར་གཏོང་བ། ནད་རིགས་སྔོན་འགོག་ཅི་ལྟར་བྱེད་པ། ཅི་ལྟར་བདེ་ཐང་དུ་གཏོང་བའི་ཚན་རིག་ཅིག་ཡིན །ཞེས་པ་འདི་ཡིན།

སྐབས་བཅུ་བཞི་པའི་འཛམ་གླིང་བདེ་ཐང་སློབ་གསོའི་ཚོགས་ཆེན་སྟེང་བདེ་ཐང་སློབ་གསོར་བཞག་པའི་གོ་དོན་གཞན་ཞིག་ནི།

༢ བདེ་ཐང་སློབ་གསོ་ནི་མི་རྣམས་ཀྱིས་མ་ལག(བརྒྱུད་རིམ་ཆ་ཚང་བ)དང་འཆར་གཞི་ལྡན་པའི་སྤྱི་ཚོགས་ཀྱི་འགུལ་བསྐྱོད་དང་ཉམས་མྱོང་སློབ་སྦྱོང་བྱེད་པའི་ཕྱོགས་བསྡུས་རང་བཞིན་བརྒྱུད་དེ། མི་རྣམས་ཀྱིས་བདེ་ཐང་དང་བདེ་ཐང་ལ་འབྲེལ་བ་ཡོད་པའི་སྤྱོད་ལམ་རག་ལས་སའི་རྒྱུ་རྐྱེན་ཚོད་འཛིན་བྱེད་ཐུབ་པར་རོགས་རམ་བྱེད་པ། མི་རང་དང་གཞན་གྱི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་ཁོར་ཡུག་གི་ཆ་རྐྱེན་ནུས་པར་ཚོད་འཛིན་བྱེད་པར་རོགས་རམ་བྱེད་པ་ཞིག་ལ་ཟེར།

བདེ་ཐང་སློབ་གསོའི་གོ་དོན་ལ་རྒྱུན་ཆད་མེད་པར་ཁ་གསབ་དང་ལེགས་བཅོས་བྱས་པ་དང་བསྟུན་ནས། དེང་རབས་བདེ་ཐང་སློབ་གསོའི་གོ་དོན་ལ་ནང་དོན་གསུམ་བསྡུས་ཡོད་དོ།།

(ནོར་བུས་བསྒྱུར་སྒྲིག་བྱས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51192.html 1 བདེ་ཐང་དང་བདེ་ཐང་སློབ་གསོ། /enpproperty-->