数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

ག་ལེར་ག་ལེར།

ག་ལེར་ག་ལེར་གྱེས་འགྲོ་བ་དེ་དག

ཁ་གཏད་ཀྱི་རི་བོ་ཡིན་ན་བསམ།

མིག་ཟུག་ཀེམ་ཀེམ་བྱེད་པའི་བྱིའུ་དེ་རྣམས།

ཐག་རིང་དུ་མ་འཕུར་བཞུགས་རོགས་གནང་དང་།

གཉེན་སྒྲིག་གི་དགོང་མོ་སྨྲ་བ་གྲོལ་ཆོག

བསིལ་བསིལ་འཐོར་འོང་བའི་ལོ་མ་དེ་དག

འཆི་ཁའི་ཁ་ཆེམས་མིན་པར་སྨོན།

མཚན་ལམ་དུ་སྨྲས་པའི་འདས་དོན་གྱི་ནང་དུ།

གྱེས་གདུང་གི་སྡུག་རྩུབ་གླེང་མེད་པས།

གློ་བུར་གློ་བུར་འཕྲད་དགོས་མ་གསུང་རོགས།

(སྡོམ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-01-23 4 4 阿坝日报藏文 c51194.html 1 ག་ལེར་ག་ལེར། /enpproperty-->