数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

སི་ཁྲོན་སློབ་གྲྭ་ཆེན་མོ་དང་རྔ་བ་ཁུལ་གཉིས་ཀྱིས་མཉམ་ ལས་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར་སི་ཁྲོན་སློབ་གྲྭ་ཆེན་མོ་དང་རྔ་བ་ཁུལ་གཉིས་ཀྱིས་མཉམ་ལས་བྱ་བའི་བཞུགས་མོལ་ཚོགས་འདུ་ཝུན་ཁྲོན་དུ་འཚོགས་ནས། ཕྱོགས་གཉིས་ཀྱིས་མཉམ་ལས་བྱ་བའི་ཁ་ཕྱོགས་དང་མཉམ་ལས་བྱ་བའི་མངའ་ཁོངས། མཉམ་ལས་བྱེད་སྟངས་ལ་གྲོས་མོལ་བྱེད་པའི་དོན་དག་ལ་དམིགས་ནས་འབྲེལ་གཏུག་སྤེལ་རེས་བྱས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་གིས་ཚོགས་འདུའི་གཙོ་འགན་བཞེས་ནས་གསུང་བཤད་གནང་། སི་ཁྲོན་སློབ་གྲྭ་ཆེན་མོའི་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་གོ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།

སི་ཁྲོན་སློབ་གྲྭ་ཆེན་མོ་ནི་སློབ་གསོ་པུའུ་ཡི་ཁོངས་སུ་གཏོགས་པའི་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་གཙོ་ཆེན་ཞིག་ཡིན། ཡུན་རིང་དུ་རྒྱལ་ཁབ་དང་ས་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་ཞབས་འདེགས་ལེགས་པོ་ཞུས་པར་མ་ཟད། རང་མོས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ནས། ས་གནས་སོ་སོའི་ཏང་ཨུ་དང་སྲིད་གཞུང་། ཁེ་ལས་དོན་ལས་སྡེ་ཁག་བར་དང་ཐོན་ལས་དང་སློབ་གྲྭ། ཞིབ་འཇུག་གསུམ་གྱིས་མཉམ་ལས་བྱ་བའི་འབྲེལ་བ་ལེགས་པོ་བཙུགས་ཡོད། རྔ་བ་ཁུལ་དང་སི་ཁྲོན་སློབ་གྲྭ་ཆེན་མོ་གཉིས་ཀྱིས་ཡུན་རིང་མཉམ་ལས་བྱས་པའི་འབྲེལ་བ་ལེགས་པོ་བཙུགས་ཡོད། ཕྱོགས་གཉིས་ཀྱིས་སྐྱེ་དངོས་ཁོར་ཡུག་སྲུང་སྐྱོང་དང་ཆུ་བེད་ཆུ་གློག ཁྱད་ལྡན་ཞིང་ལས་དངོས་རྫས་ལས་སྣོན། དེ་མིན་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ལས་བྱེད་པ་སྦྱོང་བརྡར། ཚན་རྩལ་མཉམ་ལས་སོགས་ཀྱི་ཐད་དུ་མཉམ་ལས་བྱས་ནས་གྲུབ་འབྲས་བཟང་བོ་ཐོབ་ཡོད།།

(ཚེ་རིང་འབུམ་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-04-24 4 4 阿坝日报藏文 c55845.html 1 སི་ཁྲོན་སློབ་གྲྭ་ཆེན་མོ་དང་རྔ་བ་ཁུལ་གཉིས་ཀྱིས་མཉམ་ ལས་བྱ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ། /enpproperty-->