数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀར་སྐུལ་བའི་ཚོགས་འདུ་འཚོགས་པ།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ7པའི་ཚེས9ཉིན། རྔ་བ་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀར་སྐུལ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་འབར་ཁམས་སུ་འཚོགས། ཚོགས་འདུ་རུ་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཞིང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭས་དབུལ་བྲལ་གནད་སྒྲོལ་སྐོར་ལ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་ལེན་དུ་བསྟར་བ་དང་། རྒྱུན་རིམ་ལྡན་པའི་སྒོས་ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀའི་གནས་ཚུལ་ལ་དབྱེ་ཞིབ་བྱས་རྗེས། ཕྱོགས་ཡོངས་ནས་ལོ་སྨད་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་ལས་འགན་སྣ་ཚོགས་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཚོགས་འདུའི་གཙོ་འགན་བཞེས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་རྣམས་ཚོགས་འདུར་ཕེབས།

ཚོགས་འདུར་རྔ་བ་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀར་སྐུལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་། གཟི་རྩ་སྡེ་དགུ་དང་ཆུ་ཆེན། བཙན་ལྷ། མཛོད་དགེ། ཧུང་ཡོན། ཟུང་ཆུ་བཅས་ཀྱི་དབུལ་ཞྭ་འཕུད་དགོས་པའི་འཆར་གཞིར་བཀོད་པའི་རྫོང་ཁག་དྲུག་གིས་ཉམས་མྱོང་སྤེལ་རེས་བྱ་བའི་གཏམ་བཤད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61111.html 1 ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀར་སྐུལ་བའི་ཚོགས་འདུ་འཚོགས་པ། /enpproperty-->