数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ལིའུ་ཕིང་ཝུན་ཁྲོན་རྫོང་དུ་ཕེབས་ནས་བརྟག་ཞིབ་མཛད།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ7པའི་ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཝུན་ཁྲོན་རྫོང་ཡིང་ཞིའུ་ཡི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གནས་གཞི་དང་ཝེ་ཀྲོའུ་གྲོང་རྡལ་ཆི་ཕན་ཀུའུ་གྲོང་སྡེ། རྔ་བ་ཁུལ་གྱི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་ཁུལ། ལུང་ཆི་ཡུལ་ཚོའི་ཏུང་མོན་སྡེ་བ་སོགས་སུ་ཕེབས་ནས་གཟིགས་ཞིབ་དང་བརྟག་ཞིབ་མཛད།

ཡུལ་གང་ས་གང་དུ་ཕེབས་ཚེ། ལིའུ་ཕིང་གིས་གཞི་རིམ་ལས་བྱེད་མང་ཚོགས་ལ་བཀའ་འདྲི་གནང་བ་དང་ཚང་མའི་བསམ་འཆར་དང་གྲོས་གཞི་ལ་ནན་མོར་གསན་པར་མ་ཟད། ཚང་མ་དང་མཉམ་དུ་གྲོས་མཛད་ནས་མྱོར་ཚོར་སྤེལ་རེས་མཛད། ཁོང་གིས་གསུང་དོན། ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་རབ་ཏུ་འབར་བའི་སྙིང་སྟོབས་འཁྱོངས་པ་དང་། འཕེལ་རྒྱས་གཏོང་བའི་ངེས་ཤུགས་དང་ལས་ཀ་བསྒྲུབ་པའི་ངེས་ཤུགས་ཀྱི་རྒྱུན་འཁྱོངས་པའི་ལམ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་གཟིགས་ཞིབ་མཛད་པ་དང་ལྷག་པར་དུ་ཡིང་ཞིའུ་རུ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་བྱ་བ་དང་། མུ་མཐུད་དུ་སློབ་སྦྱོང་ཆེན་པོ་དང་གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོ་ཞེས་པའི་བྱེད་སྒོ་ལེགས་པོར་སྤེལ་བ། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ངོས་འཛིན་གཏིང་ཇེ་ཟབ་གཏང་བ། ཁུལ་གྱི་གནས་ཚུལ་དང་རྫོང་གི་གནས་ཚུལ་གྱི་ངོས་འཛིན་གཏིང་ཇེ་ཟབ་གཏང་བ། རྔ་བ་ཁུལ་འབྱུང་འགྱུར་འཕེལ་རྒྱས་སུ་འགྲོ་བའི་ངོས་འཛིན་གཏིང་ཇེ་ཟབ་ཏུ་གཏང་བ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ལེགས་པོར་འཚོག་རྒྱུའི་བསམ་བློའི་ངོས་འཛིན་དང་འབད་འབུངས་ཀྱི་སྟོབས་ཤུགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཞིང་ཨུ། རྔ་བ་ཁུལ་གྱི་མི་རིགས་སོ་སོའི་མང་ཚོགས་ལ་ཚད་ལྡན་པའི་རྒྱུགས་འབྲས་ཤིག་སྤྲད་དགོས།

བརྟག་ཞིབ་མཛད་སྐབས། ལིའུ་ཕིང་གིས་སྣེ་ཁྲིད་ནས་སློབ་སྦྱོང་ཆེན་པོ་དང་གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོ་སྤེལ་ནས། ཡིང་ཞིའུ་གྲོང་རྡལ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་མཛད་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཡང་བསྐྱར་དུ་སློབ་སྦྱོང་བྱས་ནས། ས་འགུལ་གྱི་རྗེས་ཤུལ་སྲུང་སྐྱོང་ལེགས་པོ་བྱས་ཏེ་ཡིང་ཞིའུ་ནི་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་གནས་གཞི་གལ་ཆེན་ཞིག་ཏུ་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གདམས་པ་སེམས་ཁོངས་སུ་ངེས།

ཝེ་ཀྲོའུ་གྲོང་རྡལ་ཆི་ཕན་ཀུའུ་གྲོང་སྡེའི་རྡོ་རུད་ཕྱོགས་བསྡུས་བདག་སྐྱོང་བྱེད་སར། ལིའུ་ཕིང་གིས་འདམ་རྡོའི་ཆུ་རུད་ཀྱི་གནོད་སྐྱོན་བདག་སྐྱོང་དང་ཆུ་ལམ་གཙང་བཤངས། བྲུག་ཆུར་འགོག་པ་སོགས་ཀྱི་ལས་ཀ་སྤེལ་ཚུལ་ལ་ཞིབ་བཤེར་མཛད།

རྔ་བ་ཁུལ་གྱི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་ཁུལ་དུ་བརྟག་ཞིབ་མཛད་སྐབས། ལིའུ་ཕིང་གིས་གློག་རྡུལ་ཚོང་དོན་འཕེལ་རྒྱས་གཏང་བ་ནི་མི་རིགས་ས་ཁུལ་གྱི་གྲོང་སྡེ་དར་རྒྱས་གོང་འཕེལ་ཡོང་བའི་བགྲོད་ལམ་བཟང་བོ་ཞིག་ཡིན་པ་དང་། དབུལ་བྲལ་གནད་སྒྲོལ་ལ་སྐུལ་བའི་ཐམས་ལམ་གལ་ཆེན་ཞིག་ཀྱང་ཡིན་ཞེས་གསུངས།

ལུང་ཆི་ཡུལ་ཚོའི་ཏུང་མོན་སྡེ་བའི་ཏ་ལ་པུ་གཞིས་ཀར་བརྟག་ཞིབ་མཛད་སྐབས། ལིའུ་ཕིང་གིས་ཕ་ཡུལ་དུ་ལོག་པའི་ལས་སྐྲུན་ན་གཞོན་གྱིས་གྲོང་སྡེའི་ལྗོངས་སྐོར་དང་རྣམ་གསར་གྱི་གྲོང་སྡེའི་ཞིང་ལས་གླིང་ཁུལ་ཕྱོགས་བསྡུས་གནས་གཞི་བདག་གཉེར་བྱས་པ་ལ་གདེང་འཇོག་ལེགས་པོ་མཛད།

ཝུན་ཁྲོན་རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཙོ་འགན་པ་དང་། ཁུལ་དང་རྫོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་འགན་ཁུར་བ་རྣམས་ཀྱིས་བརྟག་ཞིབ་མཛད་པར་ཕེབས་རོགས་ཞུས།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61112.html 1 ལིའུ་ཕིང་ཝུན་ཁྲོན་རྫོང་དུ་ཕེབས་ནས་བརྟག་ཞིབ་མཛད། /enpproperty-->