数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོ་ཆུང་གིས་ཚོགས་འདུ་ཐེངས་དང་བོ་འཚོགས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ7པའི་ཚེས5ཉིན་རང་ཁུལ་གྱིས2018ལོའི་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཐེངས་དང་བོ་འཚོགས་ནས། 2017ལོའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་བྱས་པའི་ལས་ཀར་ཕྱོགས་སྡོམ་བྱས་པ་དང2018ལོའི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཀྱི་ལས་ཀ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་དབྱང་ཁེ་ཉིང་ཚོགས་འདུར་ཕེབས།

ཚོགས་འདུ་རུ《2017ལོར་རྔ་བ་ཁུལ་གྱིས་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཟབ་སྤེལ་བཏང་བའི་ལས་ཀ་སྤེལ་ཚུལ་སྐོར་གྱི་སྙན་ཞུ》དང《ཀྲེ་ཅང་ཞིང་ཆེན་ཧུའུ་ཀྲོའུ་གྲོང་ཁྱེར་སོགས་གྲོང་ཁྱེར་གསུམ་དུ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་བྱས་པའི་ལས་ཀར་རྟོག་ཞིབ་དང་སློབ་སྦྱོང་བྱས་ཚུལ་སྐོར་གྱི་སྙན་ཞུ》ལ་ཉན་པ་དང་། 《ཝུན་ཁྲོན་རྫོང་གིས་རྫོང་ཁོངས་སྨན་བཅོས་ཞབས་ཞུའི་ཐུན་མོང་གི་རྩ་འཛུགས་གཟུགས་པའི་ལག་བསྟར་འཆར་གཞི(ཚོད་ལྟའི་ལག་བསྟར)》དང《རྔ་བ་ཁུལ་གྱིས་སྨན་རྫས་ཐོན་སྐྱེད་དང་འཁོར་རྒྱུག བེད་སྤྱོད་ཀྱི་སྲིད་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་བའི་སྐོར་གྱི་ལག་བསྟར་འཆར་གཞི།》《ཁུལ་ཡོངས་ཀྱི་སྨན་རྫས་སིལ་འཚོང་བྱེད་སར་གློག་རྡུལ་གྱི་སྨན་ཐོ་འབྲི་བ་དང་རྒྱང་རིང་ནས་སྨན་ཐོ་ལ་ཞིབ་བཤེར་བྱ་བའི་ཞབས་ཞུའི་ལས་ཀ་ཚོད་སྤེལ་བྱ་བའི་འཆར་འགོད》བཅས་ལ་གྲོས་ཞིབ་བྱས།།

(ཚེ་རིང་འབུམ་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61115.html 1 ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་སྒྱུར་བཅོས་ཟབ་གཏོང་འགོ་ཁྲིད་ཚོ་ཆུང་གིས་ཚོགས་འདུ་ཐེངས་དང་བོ་འཚོགས། /enpproperty-->