数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རང་ཁུལ་གྱིསⅢརིམ་པའི་བྲུག་འགོག་གི་འཕྲལ་སྒྲུབ་བྱེད་ཐབས་དང་དུ་བླངས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ7པའི་ཚེས10ཉིན་གསར་འགོད་པས་ཁུལ་བྲུག་འགོག་གནོད་སེལ་བཀོད་འདོམས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོར་རང་ཁུལ་གྱིས་བྲུག་འགོག་གནོད་སེལ་གྱི་རིམ་ཚདⅣནས་རིམ་ཚདⅢཇེ་མཐོར་བཏང་ཡོད།

ངོ་སྤྲོད་བྱས་པ་ལྟར་ན། ཐེངས་དེའི་ཆར་ཆེན་བབས་ཡུལ་གཙོ་བོ་ནི་ཝུན་ཁྲོན་དང་ཧུང་ཡོན། ཟུང་ཆུ་སོགས་རྫོང་ཁག(གྲོང་ཁྱེར)9དང་ཡུལ་ཚོ(གྲོང་རྡལ)64ཡིན། ཟླ7པའི་ཚེས9ཉིན་གྱི་ཕྱི་དྲོའི་བར་དུ་མི་ཁྲི1.31 དང་ཞིང་ལས་ལོ་ཏོག་མུའུ་ཁྲི0.30། ཆུ་

རགས་མང་བོར་གནོད་སྐྱོན་ཐེབས་ཡོད། ཁུལ་བྲུག་འགོག་གནོད་སེལ་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་མི་སྣས་བཤད་པ་ལྟར་ན། གནོད་སྐྱོན་ཐེབས་ས་གཙོ་བོ་ནི་གཞུང་ལམ་དང་ཞིང་ལས་ལོ་ཏོག སྡོད་ཁང་། ཆུ་བེད་སྒྲིག་བཀོད་སོགས་ཡིན།

ཆུ་བྲུག་པ་དང་གནོད་སྐྱོན་ཐེབས་ཚུལ་ལ་དམིགས་ཏེ། ཞིང་ཆེན་བྲུག་འགོག་བཀོད་འདོམས་པུའུ་དང་ཞིང་ཆེན་ཆུ་བེད་ཐིང་གཉིས་ཀྱིས་ལས་ཀ་ཚོ་ཆུང་མངགས་ནས་ཝུན་ཁྲོན་རྫོང་དུ་ཉེན་སེལ་ལས་ཀར་བཀོད་འདོམས་བྱས་པར་མ་ཟད། ཉེན་སེལ་དངོས་རྫས་ཀྱང་མཁོ་འདོན་བྱས་ཡོད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61118.html 1 རང་ཁུལ་གྱིསⅢརིམ་པའི་བྲུག་འགོག་གི་འཕྲལ་སྒྲུབ་བྱེད་ཐབས་དང་དུ་བླངས། /enpproperty-->