数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

མཛོད་དགེ་རྫོང་གིས་ཆུ་བྲུག་སྐབས་དམིགས་བསལ་སྒྲིག་ ཆས་ཀྱི་བདེ་འཇགས་ཀྱི་རྐྱེན་ངན་གྲལ་བཤེར་བྱས།

ངེད་གསར་འགྱུར་གྱི་གསར་བཀོད། ཉིན་ཤས་ཀྱི་རིང་ལ། མཛོད་དགེ་རྫོང་ལ་རྒྱུན་མཐུན་གྱིས་ཆར་བ་ཆེན་པོ་བབས་པདང་། དམིགས་བསལ་སྒྲིག་ཆས་བདེ་འཇགས་ཀྱིས་བཀོལ་སྤྱོད་བྱ་ཆེད་དང་། ཆུ་བྲུག་སྐབས་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་དོགས་ཟོན་ལས་ཀ་དང་ཟུང་འབྲེལ་བྱས་ནས་གཅིག་བསྡུས་ཀྱིས་ཆུ་བྲུག་སྐབས་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ཀྱི་རྐྱེན་ངན་གྲལ་བཤེར་བྱས།

ཉེན་ཁ་སྔོན་འགོག་དང་དཔྱད་དཔོག་གི་ལས་ཀ་སྤེལ་ཞིང་། ཆུ་བྲུག་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་གཙོ་བོ་མཐའ་འཁོར་ས་ཁུལ་གྱི་ས་གཤིས་གྲུབ་ཆ་དང་བཟོ་ཁང་གི་རྨང་གཞི། ཆུ་ལོག་སྔོན་འགོག་གི་སྒྲིག་ཆས། བྲུག་གློག་སྔོན་འགོག་གི་སྒྲིག་ཆས། འཕྲལ་སྡོམ་རོགས་སྐྱོར་དང་སྒྲིག་ཆས་སོགས་ཀྱི་གནས་ཚུལ་ལ་གྲལ་བཤེར་བྱས་པ་དང་། རྐྱེན་ངན་དང་ལྷུ་ཚིགས་ཞན་སར་འཚོལ་ཞིབ་བྱས་ཏེ་ཉེན་ཁ་སྔོན་འགོག་དང་དཔྱད་དཔོག་གི་ལས་ཀ་སྤེལ།

ནན་ཏན་གྱིས་སྔོན་འགོག་གི་ལས་ཀ་ཡག་པོར་སྒྲུབ་པ། གློག་སྐས་བཀོལ་སྤྱོད་བྱེད་པའི་ལས་ཁུངས་ཀྱིས་གློག་སྐས་འཕྲུལ་ཆས་ཁང་གི་ཆར་བ་སྔོན་འགོག་གི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་། གློག་སྐས་ཀྱི་ས་དོང་མཐིལ་དུ་ཆེད་སྤྱོད་ཀྱི་ཆུ་འཐེན་འཕྲུལ་འཁོར་བསྣན། ཉམས་གསོ་སྲུང་སྐྱོང་སྡེ་ཚན་དང་འབྲེལ་བ་བྱས་ཏེ་དམིགས་བསལ་སྒྲིག་ཆས་ཀྱི་གློག་སྐུད་ལམ་དང་བདེ་འཇགས་ཀྱི་ཡན་ལག་སྒྲིག་ཆས། འཕྲལ་སྡོམ་གྱི་གཅོད་པའི་སྒྲིག་ཆས་སོགས་གཙོ་གནད་ཀྱི་ལྷུ་ཚིགས་ལ་གྲལ་བཤེར་བྱས་པ་དང་། དུས་ཐོག་ཏུ་རྐྱེན་ངན་སེལ་ཐུབ་པ་བྱས།

ཁེ་ལས་ཀྱི་གཙོ་ཤུགས་འགན་འཁྲི་དོན་འཁྱོལ་བྱས་ཏེ། དམིགས་བསལ་སྒྲིག་ཆས་བཀོལ་སྤྱོད་བྱེད་པའི་ལས་ཁུངས་ཀྱིས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་འཕྲལ་སྡོམ་གྱི་ལས་རེས་བྱས་པ་དང་། འཕྲིན་གཏོང་འབྲེལ་གཏུགས་བྱ་ཐུབ་པ་འགན་ལེན་བྱས་ལ། གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་དང་མཐུན་པའི་སྒོ་ནས་འཕྲལ་སྡོམ་གྱི་སྔོན་ཇུས་བཟོ་བཅོས་བརྒྱབ་སྟེ་ཚུལ་དང་མཐུན་པའི་སྒོ་ནས་ཐོལ་བྱུང་གནོད་རྐྱེན་ཐག་གཅོད་བྱས་པའོ།།

(གསང་བདག་སྒྲོལ་མས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61123.html 1 མཛོད་དགེ་རྫོང་གིས་ཆུ་བྲུག་སྐབས་དམིགས་བསལ་སྒྲིག་ ཆས་ཀྱི་བདེ་འཇགས་ཀྱི་རྐྱེན་ངན་གྲལ་བཤེར་བྱས། /enpproperty-->