数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

ཟུང་ཆུ་རྫོང་གིས་དམངས་འཚོ་ལས་གྲྭའི་རྣམ་གྲངས10དང་དམངས་འཚོ་བྱ་བའི་རྣམ་གྲངས13ཤུགས་ཆེན་གྱིས་སྐུལ་འདེད་བཏང་།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། གསར་འགོད་པས་ཟུང་ཆུ་རྫོང་གི་རྣམ་གྲངས་ལྟ་སྐུལ་གཞུང་ལས་ཁང་ནས་རྒྱུས་ལོན་པ་ལྟར་ན། ལོ་སྟོད་དུ་ཟུང་ཆུ་རྫོང་གིས་དམངས་འཚོ་ལས་གྲྭའི་རྣམ་གྲངས10དང་དམངས་འཚོ་བྱ་བའི་རྣམ་གྲངས13ལག་བསྟར་བྱས་ཏེ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། དམངས་འཚོ་ལས་གྲྭའི་རྣམ་གྲངས10ཡི་ཁྲོད་རྣམ་གྲངས་ཆུང་བ61དང་འབྲེལ་ཡོད་པ་དང་། རྣམ་གྲངས་ཆུང་བ31ལེགས་འགྲུབ་བྱུང་ཡོད་ལ། རྣམ་གྲངས་ཆུང་བ23གྱི་ལས་འགན་ཕྱེད་ཀ་ལེགས་འགྲུབ་བྱུང་ཡོད། རིམ་པ་ཁག་གིས་སྒོར་ཁྲི11515.63བཏང་བ་སྔོན་རྩིས་བྱས་ཡོད་པ་དང་ལེགས་འགྲུབ་བྱུང་ཚད་བརྒྱ་ཆ51.76ཟིན་ཡོད་ལ། དམངས་འཚོ་བྱ་བའི་རྣམ་གྲངས13གྱི་ཁྲོད་བྱ་བའི་རྣམ་གྲངས3ལེགས་འགྲུབ་བྱུང་ཡོད་པ་དང་། བྱ་བའི་རྣམ་གྲངས7གྱི་ལས་འགན་ཕྱེད་ཀ་ལེགས་འགྲུབ་བྱུང་ཡོད། རིམ་པ་ཁག་གིས་སྒོར་ཁྲི1370.87བཏང་བ་སྔོན་རྩིས་བྱས་ཡོད་པ་དང་ལེགས་འགྲུབ་བྱུང་ཚད་བརྒྱ་ཆ37.32ཟིན་ཡོད། དེ་དང་དུས་མཚུངས་སུ་དཀའ་ངལ་ཡོད་པའི་མི་འབོར6987ལ་སྒོར་ཁྲི69.87གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་ཚབ་ཞུས་ནས་འཇལ་བ་དང་། དཀའ་ངལ་ཡོད་པའི་དབང་བོ་སྐྱོན་ཅན་གྱི་མི་འབོར513ལ་སྒོར་ཁྲི24.879ཡི་གསབ་དངུལ་སྤྲད་པ་དང་། དབུལ་ཕོངས་གྲོང་ཚོ26ལ་རིག་གནས་ཁང་གསར་དུ་བསྐྲུན།

རྒྱུས་ལོན་པ་ལྟར་ན། ད་ལོའི་ལོ་སྨད་དུ་ཟུང་ཆུ་རྫོང་གིས་མུ་མཐུད་དུ་ལས་ཞུགས་ལ་སྐུལ་འདེད་དང་དབུལ་སྐྱོར་དཀའ་སེལ། མི་རིགས་ས་ཁུལ་ལ་རོགས་སྐྱོར། སློབ་གསོ་སློབ་རོགས། སྤྱི་ཚོགས་འགན་བཅོལ། སྨན་བཅོས་འཕྲོད་བསྟེན། གྲོང་མི་བདེ་སྡོད། དམངས་འཚོའི་གཞི་རྩིའི་སྒྲིག་ཆས། སྐྱེ་ཁམས་ཁོར་ཡུག རིག་གནས་ལུས་རྩལ་སོགས་ཀྱི་ནང་དོན་གཙོ་བོ་ཡིན་པའི་དམངས་འཚོ་ལས་གྲྭའི་རྣམ་གྲངས10ལ་སྐུལ་འདེད་བཏང་བ་དང་། དམིགས་བསལ་གྱིས་ཟུང་ཆུ་རྫོང་གི་དམངས་འཚོ་བྱ་བའི་རྣམ་གྲངས13ཡག་པོར་བསྒྲུབ་རྒྱུའོ།།

(གསང་བདག་སྒྲོལ་མས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61124.html 1 ཟུང་ཆུ་རྫོང་གིས་དམངས་འཚོ་ལས་གྲྭའི་རྣམ་གྲངས10དང་དམངས་འཚོ་བྱ་བའི་རྣམ་གྲངས13ཤུགས་ཆེན་གྱིས་སྐུལ་འདེད་བཏང་། /enpproperty-->