数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

ཧྲང་ཧེ་རོལ་དབྱངས་སློབ་གླིང་གི།

སྤྱི་ཚོགས་སུ་ལག་ཏུ་བསྟར་བའི་དམངས་ཕན་འཁྲབ་སྟོན་འབར་ཁམས་སུ་སླེབས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ7པའི་ཚེས7ཉིན། འབར་ཁམས་གྲོང་ཁྱེར་གྱི་གླིང་དགུའི་ཐང་ཆེན་དུ་མི་ཚོགས་ཀྱི་འདུ་འཛོམས་ཆེ་ལ། དེ་རུ་གཞས་མ་གྲགས་ཅན་དང་།རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ།ཧྲང་ཧེ་རོལ་དབྱངས་སློབ་གླིང་གི་དགེ་རྒན་ལིས་ཧུང་གིས་སྣེ་ཁྲིད་པའི་སློབ་གླིང་དེའི་དགེ་སློབ་རྣམས་ཀྱིས་འབར་ཁམས་མི་དམངས་ཀྱི་ཡིད་ཀྱི་གསོས་དང་རྣ་བའི་བཅུད་དུ་གྱུར་བའི་རིག་རྩལ་འཁྲབ་སྟོན་ཕུལ་བ་རེད།

གླུ་དང་གར་གྱིས་འབར་ཁམས་བསྐོར་ཏེ།དམར་དམག་རྒྱང་སྐྱོད་ཀྱི་སྙིང་སྟོབས་སློབ་སྦྱོང་བྱ་ཞེས་པ་ཐེངས་འདིའི་འཁྲབ་སྟོན་གྱི་བརྗོད་གཞི་བྱས་ཏེ།རྒྱང་རིང་གི་ཡུལ་དེ་ན།ཐོག་མའི་བསམ་འདུན་མི་བརྗེད་སོགས་གླུ་དབྱངས་སྙན་མོ་རེ་རེས་དམངས་ཚོགས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག གླུ་སྙན་པས་མི་ཚད་དམངས་དང་བསྟུན་ཆེ་སྟེ།ཐང་ཆེན་ནས་འཁྲབ་སྟོན་བྱས་པས་དམང་ཚོགས་རྣམས་ཀྱིས་ཐད་ཀར་བལྟ་ཐུབ་པར་མ་ཟད་ཐག་ཉེ་སར་ཡང་བཏུད་ཐུབ། ཁོ་ཚོས་ལམ་རིང་བོའི་དཀའ་ངལ་ལ་མ་འཛེམས་པར་འདི་རུ་འབྱོར་ནས་འཁྲབ་སྟོན་བྱས་པར་བཀའ་དྲིན་ཆེ་ཞེས་ལྟད་མོ་བ་ཚེ་དབང་འཚོས་བཤད།

འཁྲབ་སྟོན་གྱི་ཁྲོད་དུ་དགེ་རྒན་ལིས་ཧུང་གིས་མདོ་དབུས་མཐོ་སྒང་ཞེས་པའི་གླུ་དབྱངས་ཤིག་གིས་འཁྲབ་སྟོན་ལ་མཐོ་རླབས་འཕྱུར་དུ་བཅུག མོས་བཤད་རྒྱུར།གནས་འདིས་མོ་ལ་བྱིན་པའི་ཐོག་མའི་བག་ཆགས་ནི་མི་རྣམས་གཞུང་དྲང་བབ་ཆགས་ཤིག་ཡིན་པ་དེ་རེད། ས་ཆ་མང་པོར་སོང་ནས་འཁྲབ་སྟོན་བྱས་མྱོང་ན་ཡང་།ཐེངས་འདི་ནི་ཆེས་དམིགས་བསལ་བ་ཞིག་སྟེ།ཐང་ཆེན་དུ་མང་ཚོགས་དང་ཐག་ཉེ་ས་ནས་འཁྲབ་སྟོན་བྱས་པ་ཤིན་ཏུ་སྐྱིད་པའི་བྱ་བ་ཞིག་རེད།གུང་ཁྲན་ཏང་ཡོན་ཞིག་དང་རིག་རྩལ་འཁྲབ་སྟོན་པ་ཞིག་གི་ཆ་ནས། མེས་རྒྱལ་གྱི་ས་ཆ་སོ་སོའི་མང་ཚོགས་རྣམས་ཀྱི་ཆེད་དུ་འཁྲབ་སྟོན་བྱེད་པ་དེ་ཡང་གཡོལ་དུ་མེད་པའི་འགན་འཁྲི་ཞིག་རེད་ཅེས་བཤད།

མཇུག་མཐར། མཉམ་དུ་ཀྲུང་གོའི་ཕུགས་འདུན་བསྐྲུན་ཞེས་པའི་གླུ་དབྱངས་མཉམ་ལེན་ལས་ཐེངས་འདིའི་བྱ་འགུལ་ཕུན་སུམ་ཚོགས་པའི་སྒོ་ནས་མཇུག་བསྡུས།

རྒྱུས་ལོན་པ་ལྟར་ན།ཐེངས་འདིའི་འཁྲབ་སྟོན་ནི་ཧྲང་ཧེ་རོལ་དབྱངས་སློབ་གླིང་གི་སློབ་མས2018ལོའི་དབྱར་གནང་དུ་སྤྱི་ཚོགས་སུ་ལག་ཏུ་བསྟར་བའི་འགུལ་རྣམ་སློབ་ཁྲིད་ཀྱི་ལས་གཞིའི་རྣམ་གྲངས་ཤིག་རེད།དེ་ནི་སློབ་གླིང་གི་ཆེད་ལས་ཤེས་བྱའི་དགེ་རྒན་དང་། བསམ་བློ་ཆབ་སྲིད་ཀྱི་དགེ་རྒན། ཁྲིད་སྟོན་པ་སོགས་དང་སྡེ་ཁག་སོ་སོའི་སློབ་མ་རྣམས་ཀྱིས་གྲུབ་པའི་ཚོགས་པ་བཅུ་མེས་རྒྱལ་གྱི་ས་ཆ་སོ་སོར་སོང་ནས་སྤྱི་ཚོགས་བྱེད་སྒོ་སྤེལ་ཏེ། དམངས་ཕན་འཁྲབ་སྟོན་བྱེད་པ་ཞིག་གོ།། (དངོས་སྦྱོང་གསར་འགོད་པ་ཚེ་རིང་ལྷ་མོ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 ཧྲང་ཧེ་རོལ་དབྱངས་སློབ་གླིང་གི། 4 4 阿坝日报藏文 c61130.html 1 སྤྱི་ཚོགས་སུ་ལག་ཏུ་བསྟར་བའི་དམངས་ཕན་འཁྲབ་སྟོན་འབར་ཁམས་སུ་སླེབས། /enpproperty-->