数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

བོད་ཡུལ་གཏམ་གྱིས་འགྲིམ་ པའི་བརྙན་ཕབ་ཚན་ཆུང་ རྔ་ཁུལ་དུ་འབྱོར།

ངེད་གསར་འགྱུར་གྱི་གསར་བཀོད། ནོར་འཛིན་སྒེག་མོས་ཨནྡ་རྙིལ་གྱི་གོས་བཟང་ཉེ་བར་བཀླུབས་ཤིང་། ཁྲ་ཚོམ་སྟོང་གི་མེ་ཏོག་མགུལ་རྒྱན་དུ་སྤྲས་པ་དང་། ཀྱུར་ཀྱུར་མགྲིན་པའི་གླིང་བུ་བསྒྱུར་མཁས་པའི་ཁུ་བྱུག་གསུང་སྙན་མགྲོན་དུ་བོས་པའི་དུས་བཟང་འདིར། ཆོས་སྡེ་ཆེན་པོ་བྱང་ཉི་མ་བླ་བྲང་དང་ཁད་ཉེ་བའི་ཀན་ལྷོའི་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་བོད་ཡུལ་གཏམ་གྱིས་འགྲིམ་པའི་བརྙན་ཕབ་ཚན་ཆུང་གིས། ཡིད་ཆེས་དང་རེ་སྨོན་སེམས་སུ་བཅངས་ནས་ལྷུང་ལྷུང་དལ་གྱིས་འབབ་པའི་རྨ་ཁུག་མགོ་ནོར་བུའི་དགའ་འཁྱིལ་ལྷོད་ཀྱིས་ཆགས་པའི་མཛོད་དགེ་གཡང་ལྡན་ཕྱུག་མོར་འབྱོར།

ཟླ7ཚེས4ཉིན། བྱེ་འགོག་གི་རྣམ་དཀར་དགེ་བའི་ལས་ལ་མི་ལྡོག་བརྟན་པའི་བརྩོན་འགྲུས་ཀྱི་གོ་ཆ་བགོས་པའི་དབྲ་ཁྱུང་དཔལ་བཟང་གིས་ཁོར་སྲུང་སྐོར་གྱི་འཆད་ཁྲིད་བྱས་ཤིང་། དེའི་རྗེས་བརྙན་ཕབ་ཚན་ཆུང་དང་ལྷན་དུ་ཡུལ་དངོས་སུ་སོང་ནས་བྱེ་འགྱུར་སྔོན་འགོག་གི་སྐོར་རྒྱུས་ལོན་བྱེད་པར་མ་ཟད། ས་གནས་འབྲོག་པ་ཚོ་ལའང་བཅར་འདྲི་བྱས་ཏེ། བོད་ཡུལ་གཏམ་གྱིས་འགྲིམ་པའི་དབུ་ཁྱུད་འདི་ནས་བརྩམས་སོ།།

ཚེས7ཉིན། བོད་ཡུལ་གཏམ་གྱིས་འགྲིམ་པའི་བརྙན་ཕབ་ཚན་ཆུང་མདོ་སྨད་ཤར་རྒྱལ་མོ་ཚ་བ་རོང་གི་འབར་ཁམས་གྲོང་ཁྱེར་དུ་བདེ་བར་བརྟོལ་ཅིང་། མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ཚང་དང་མཇལ། བརྙན་ཕབ་ཚན་ཆུང་གི་རེ་ཞུ་ལྟར་ཁོང་གིས་བོད་ཡིག་སྒྲ་གདངས་ཀྱི་རྣམ་བཤད་སྐོར་འཆད་ཁྲིད་ཀྱི་བཀའ་དྲིན་བསྐྱངས་པར་མ་ཟད། ཕྱི་ཉིན། སྐུའི་འོ་བརྒྱལ་ཐལ་བའི་མཆིལ་མ་བཞིན་དུ་དོར་ནས་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ཀྱི་ཡ་གྱལ་རྫོང་འགག་ཏུ་གཤེགས་འཆག་གནང་སྟེ། རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་སྐོར་དུས་ཚོད་གཉིས་ལྷག་གི་རིང་ལ་བགྲོ་གླེང་གནད་དུ་སྨིན་པར་མཛད།

ཚེས9ཉིན། དགེ་རྒན་ཁྲོ་བོ་རྒྱལ་མཚན་ཚང་གིས་མ་ཡིག་སློབ་གསོའི་སྐོར་གྱི་འཆད་ཁྲིད་གནང་པར་མ་ཟད། སྐད་གཉིས་སློབ་གསོའི་སྐོར་གྱི་བགྲོ་གླེང་ཡང་མཛད།

བོད་ཡུལ་གཏམ་གྱིས་འགྲིམ་པའི་བཅའ་འདྲི་བྱ་ཡུལ་བོད་ཁུལ་གྱི་ཞིང་ལྗོངས་ལྔ་དང་། དུས་ཡུན་ཟླ་གཉིས་ལྷག་ཡིན། གཡུང་དྲུང་སྐྱབས་ཀྱིས། བོད་ཡུལ་གཏམ་གྱིས་འགྲིམ་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་མཁས་པ་དང་ཁེ་ལས་པ། ཉམས་ཞིབ་པ་སོགས་ཀྱིས་འཆད་ཁྲིད་དང་ཁོང་ཚོར་བཅར་འདྲི་བྱས་པ་བརྒྱུད་དེ། བོད་ཀྱི་སྲིད་འབྱོར་རིག་གསུམ་གོང་ནས་གོང་དུ་འཕེལ་བཞིན་ཡོད་པ་ཀུན་ལ་བསྒྲགས་པའི་ཕྱིར་ཡིན་ཞེས་བཤད། བོད་ཡུལ་གཏམ་གྱིས་འགྲིམ་པ་འཆད་ཁྲིད་དང་བཅར་འདྲིའི་ལེ་ཚན་ཆེན་པོ་གཉིས་ཀྱིས་གྲུབ་ཅིང་། འཆད་ཁྲིད་ཀྱི་མིང་ལ་སྲིད་པའི་མཛོད་ཕུགས་ཟེར་ཞིང་བཅར་འདྲིའི་མིང་ལ་བགྲོ་གླེང་ཟེར་རོ། །

(གསར་འགོད་པ་མགོན་པོ་བཀྲ་ཤིས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61131.html 1 བོད་ཡུལ་གཏམ་གྱིས་འགྲིམ་ པའི་བརྙན་ཕབ་ཚན་ཆུང་ རྔ་ཁུལ་དུ་འབྱོར། /enpproperty-->