数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

འཛམ་ཐང་རྫོང་གིས་ནུས་ཤུགས་གསུམ་གྱིས་དབུལ་བྲལ་གནད་ སྒྲོལ་ལ་ཤུགས་བསྣན།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་བའི་ལོ་ཤས་རིང་། འཛམ་ཐང་རྫོང་གིས་གྲོང་སྡེའི་ཏང་འཛུགས་སྐྱོང་གི་ལས་ཀའི་ཞན་ཆ་ལ་དམིགས་ནས། མ་ལག་ཇུས་འགོད་དང་། མ་ལག་སྐུལ་འདེད་གཏོང་བར་དོ་སྣང་བྱས་ནས། གཡུལ་ས་སྲ་བརྟན་དང་ཞབས་འདེགས་ཀྱི་ནུས་པ་ཇེ་མཐོར་གཏོང་བར་འབད་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་། སྣེ་ཁྲིད་ཀྱི་ནུས་པ། འདེགས་སྐྱོར་གྱི་ནུས་པ་ཇེ་མཐོར་བཏང་ནས། དབུལ་བྲལ་གནད་སྒྲོལ་ལ་ཤུགས་བསྣན།

ཏང་རྩ་འཛུགས་དག་ཐེར་ཡག་པོར་བྱས་ནས། ཞབས་འདེགས་ཀྱི་གོང་བུར་འགྲིལ་ཤུགས་ལ་ཤུགས་བསྣན། རྫོང་དེས་ཏང་རྩ་འཛུགས་དག་ཐེར་བྱེད་པ་གཞི་རིམ་ཏང་ཀྲི་པུའུ་ཡི་གཞི་འཛིན་ས་བྱས་ནས། མུ་མཐུད་དུ་དག་ཐེར་དང་ལེགས་བཅོས་དམ་འཛིན་བྱས། རྫོང་དང་ཡུལ་ཚོ། སྡེ་བ་རིམ་པའི་ལས་ཀའི་རྩིས་ཐོ་སྐྲུན་པ་བརྒྱུད། ཧྲུའུ་ཅི་དང་པོ་འདེམས་གཏོང་བྱ་རྒྱུ་དང་། དབུལ་སྐྱོར་སྡེ་ཁག་དང་གྲོང་སྡེ60མཉམ་སྐྲུན་དང་། མངའ་ཁོངས་མཉམ་འཛུགས། ཆེད་དོན་བཅོས་སྒྲིག་ནན་འཛིན་བྱས་ནས། ཏང་རྩ་འཛུགས17ལས་ཀའི་རྒྱུན་རྣམ་ཅན་དང་། ཡུན་རིང་ཅན་ལ་སྐུལ་མ་བཏང་ནས། དངོས་སུ་དག་ཐེར་གྱི་ཕན་འབྲས་ཇེ་མཐོར་བཏང་།

གྲོང་སྡེ་རིམ་པའི་ཐུན་མོང་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་བཏང་ནས། ཞབས་འདེགས་སྣེ་ཁྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་བར་ཤུགས་བསྣན། ཡུལ་བབ་དང་བསྟུན་ནས་གྲོང་སྡེའི་ཐུན་མོང་གི་དཔལ་འབྱོར་སྟོབས་ཇེ་ཆེར་བཏང་བ་དང་། རི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་གྲོང་སྡེ་དང་། གྲོང་སྡེའི་ཨུ་ཡོན་གཉིས་ཀྱི་ཐུན་མོང་གི་ནགས་རི་དང་། ཞིང་ལས་སོགས་ཀྱི་ཐོན་ཁུངས་སྡེབ་སྒྲིག་བྱེད་པ་དང་། ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་གནས་གཞི་བསྐྲུན་པ་དང་། ཁེ་སྤོགས་བགོ་བར་བརྟེན་ནས་གྲོང་སྡེའི་ཐུན་མོང་གི་དཔལ་འབྱོར་ཡོང་འབབ་ཡོད་པ་དང་། ཐོན་ལས་ཀྱི་ཁྱད་ཆོས་མངོན་གསལ་ཡིན་པའི་གྲོང་སྡེར། ཕྱུགས་ལས་མཉམ་ལས་ཁང་བཙུགས་པ་བརྒྱུད། ཞབས་འདེགས་འདོན་སྤྲོད་དང་། ཞབས་འདེགས་ཁྲོད་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཡོད་ཐུབ་པར་བྱས། དཔལ་འབྱོར་རྨང་གཞི་བཟང་བའི་སྡེ་བར། ཐོན་སྐྱེད་དང་། ལས་སྣོན། གསོ་སྦྱོང་། གཉེར་སྐྱོང་། ལྗོངས་སྐོར་སོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ལ་སྐུལ་མ་བཏང་ནས། མུ་མཐུད་དུ་སྡེ་བའི་ཐུན་མོང་གི་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་བཏང་།

མ་དངུལ་སྲིད་ཇུས་འགན་ལེན་ལ་ཤུགས་བསྣན་ནས། ཞབས་འདེགས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཆེར་བཏང་། 2013ལོ་ནས2017ལོའི་བར་དུ། རྫོང་ཡོངས་ཀྱི་འཁོར་སྐྱོད་འགན་སྲུང་གྲོན་དངུལ་ལོ་རེར་སྒོར་ཁྲི5ནས་སྒོར་ཁྲི10བར་དུ་ཇེ་མང་དུ་སོང་བ་དང་། ད་དུང་གྲོང་སྡེ་རེར་ལོ་རེར་སྒོར་ཁྲི2ཀྱི་ཚད་གཞི་ལྟར་གྲོང་རིམ་ཏང་འཛུགས་སྐྱོང་གི་ལས་ཀའི་ཆེད་དམིགས་གྲོན་དངུལ་བཙུགས་ནས། མུ་མཐུད་དུ་གཞི་རིམ་རྩ་འཛུགས་ཀྱི་གཡུལ་ས་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་ངོ་།།

( འོད་གསལ་མཚོས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61132.html 1 འཛམ་ཐང་རྫོང་གིས་ནུས་ཤུགས་གསུམ་གྱིས་དབུལ་བྲལ་གནད་ སྒྲོལ་ལ་ཤུགས་བསྣན། /enpproperty-->