数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

མིག་སྐམ་པ་དང་ཟ་འཕྲུག་ལངས་ཚེ་བྱེད་ཐབས་གང་ དག་བཀོལ་ན་ཕན།

ཁ་པར་དང་གློག་ཀླད་རྒྱ་ཁྱབ་ཏུ་དར་བ་དང་། བྱ་བའི་དགོས་དབང་གིས་མཚམས་རེར་ང་ཚོ་དུས་ཡུན་རིང་པོར་འོད་ཆེ་བའི་འཆར་ངོས་ལ་ཅེར་ནས་འདུག་དགོས། དེ་ལྟར་ཡུན་རིང་འགོར་ན་མིག་སྐམ་པ་དང་ཟ་འཕྲུག་ལངས་པ། མིག་རབ་རིབ་ཏུ་འགྱུར་བ་སོགས་ཀྱི་གནད་དོན་ལ་འཕྲད་སྲིད། དེས་མ་ཚད་ནམ་དུས་ཀྱི་འགྱུར་བ་དང་མཁའ་དབུགས་སྦགས་བཙོག་གིས་ཀྱང་མིག་སྐམ་པོར་ཆགས་སུ་འཇུག་ངེས། འོ་ན། ང་ཚོས་བྱེད་ཐབས་གང་ལ་བརྟེན་ནས་དེ་སེལ་ཐུབ་བམ་ཞེ་ན། གཤམ་གསལ་གྱི་བྱེད་ཐབས་དྲུག་ཀུན་ལ་ངོ་སྤྲོད་བྱེད།

1.གློག་ཀླད་དང་ཁ་པར་དུས་ཚོད་ཡུན་རིང་དུ་བཀོལ་དགོས་ན། མཚམས་སུ་ངལ་གསོ་འོས་འཚམས་བྱེད་པ།

2.མཛུབ་གུས་མིག་རྡོའི་འགྲམ་ལོགས་ཀྱི་པགས་སྐྱིར་ཕུར་ཕུར་བྱེད་པ།

3.ལག་པའི་ནང་ལོགས་མཉམ་དུ་གཙུབ་ནས་དྲོས་རྗེས། མིག་བཙུམས་ཏེ་ལག་པ་གཉིས་མིག་གཡས་གཡོན་གྱི་སྟེང་ལ་སྦྱར་བ། དེ་ལྟ་བུ་ལན་གྲངས་མང་དུ་བྱས་ན་མིག་གི་ཉེ་ལོགས་ཀྱི་ཁྲག་རྩའི་འཁོར་སྐྱོད་དང་། རྙིང་ཚབ་གསར་རྗེ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན།

4.མིག་རྡོ་གཡས་གཡོན་སྟེང་འོག་ཀུན་ལ་རེས་མོས་སུ་འཁོར་བ།

5.གཞུང་ལས་ཁང་སོགས་རང་ཉིད་འདུག་སའི་ཁང་བ་སྐམ་ཤས་ཆེ་ཚེ། དེའི་ནང་དུ་ཆུ་ཡོད་པའི་སྣོད་གང་རུང་འཇོག་པ།

6.བཟའ་བཏུང་གི་ཐད་ནས། སྔོ་ཚལ་གསར་བའི་རིགས་ཏེ། ཤིང་ཏོག་དང་ལ་ཕུག ལྡུམ་སྒོང་། ལབ་སེར་སོགས་འོས་འཚམས་བཟའ་ན་ཕན།

(མགོན་པོ་བཀྲ་ཤིས་ཀྱིས་རྩོམ་སྒྲིག་བྱས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61133.html 1 མིག་སྐམ་པ་དང་ཟ་འཕྲུག་ལངས་ཚེ་བྱེད་ཐབས་གང་ དག་བཀོལ་ན་ཕན། /enpproperty-->