数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

གློག་བརྙན《མཛེས་སྡུག་གི་མི་ཚེ》ཞེས་པར་བལྟས་རྗེས་ཀྱི་མྱོང་ཚོར།

♦རིག་ཁོ།(མགོ་ལོག་མཐོ་འབྲིང་དང་པོ། )

གློག་བརྙན་འདིའི་མཐོ་རླབས་ནི་ཆེས་མི་སེམས་འགུལ་བར་བྱེད་པའི་ཚན་པ་ཞིག་སྟེ། མི་སྣ་གཙོ་བོ་དང་བཅས་པའི་རིགས་རྒྱུད་ལ་བཤུ་གཤོག་དང་གཉའ་གནོན། བཙན་ཤུགས་སོགས་ཚུལ་མིན་གྱི་ལས་སྣ་ཚོགས་ཀྱིས་ཡ་ཧུ་ད་པའི་མི་རིགས་ཀྱི་འབངས་ནི་འཁོར་བ་རྒྱ་མཚོའི་སྡུག་བསྔལ་གྱི་ནང་དུ་བསྐྱལ། དེ་རུ་མི་སྣ་གཙོ་བོའི་ཁྱིམ་མིར་ཡང་བཤུ་གཤོག་ཐེབས་ནས་མི་ཚོགས་མང་པོ་དང་ལྷན་དུ་བཙོན་ཁང་དུ་བསྡུས་ནས་བྲན་གཡོག་བྱེད་དུ་བཅུག རྒན་པ་དང་བྱིས་པ་སོགས་ལས་ཀ་བྱེད་པའི་ནུས་པ་མེད་པའི་མི་དག་ནི་ཁང་བ་ཆེན་པོ་ཞིག་ཏུ་བསྡུས་ཏེ་དུག་རླངས་བཏང་ནས་དམར་གསོད་བྱས་པས་རོ་ཡི་རི་རབ་བརྩིགས། དེ་ལྟ་བུའི་སྤྱི་ཚོགས་ཤིག་གི་ཟུར་ཁ་ཞིག་ནས་ཁོའི་རང་ཉིད་ཀྱི་བུ་ཕྲུག་དེ་སྡུག་བསྔལ་མེད་པར་འཚོ་བ་རོལ་དུ་བཅུག་པ་དང་། ཐ་ན་རང་ཉིད་ཀྱི་ཚེ་སྲོག་གི་འཇིགས་ཉེན་ལ་ཕྲད་ཀྱང་བུ་ཆུང་ལ་བལྟས་ནས་སྡུག་བསྔལ་མེད་པའི་ཟོལ་གྱིས་འཛུམ་ཆུང་སྟོན་པའི་རླབས་ཆེ་བའི་ཡབ་ཆེན་ཞིག་གི་བྱ་གཞག་འགྲུབ་པར་བྱེད་པའི་བྱ་སྤྱོད་ལ་རྗེས་སུ་ཡི་རངས་དང་སློབ་སྦྱོང་བྱ་འོས་པ་ཞིག་ཡིན།

♦གུ་རུ་མཚོ།(མགོ་ལོག་མཐོ་འབྲིང་དང་པོ། )

དེ་ནི་དམག་འཁྲུག་གིས་བཟོས་པའི་རྨ་ཁ་ཆེན་པོ་ཞིག་སྟེ། རྨ་ཁ་དེས་མང་ཚོགས་ལ་སྡུག་བསྔལ་སྦྱིན་པར་མ་ཟད། རྨ་ཁ་དེས་རྨ་ཁ་དེས་སྤྲོ་སྐྱིད་དང་སོས་དལ་བག་ཕེབས་ཀྱི་འཚོ་བར་བདེ་མོ་བཞག་ནས་མཁའ་ནས་འབར་འདེལ་ཆར་ལྟར་འབེབ་པའི་འཚོ་བ་དེ་བསུ་དགོས་བྱུང་།

རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འཁྲུག་རྩོད་ཀྱིས་ཕ་མ་དང་བུ་ཕྲུག་ཁ་བགར་ནས་སྡུག་བསྔལ་བཟོས་པ་དང་སྐབས་དེའི་ཕ་མ་དང་བུ་ཕྲུག་འཕྲད་པའི་རེ་འདུན་དེ་སྙིང་ལ་བཅངས་ཡོད།

གློག་བརྙན་འདིའི་བརྗོད་བྱ་གཙོ་བོ་ནི་ཕ་མས་བུ་ཕྲུག་གི་དོན་དུ་རང་ཉིད་ཀྱི་དཀའ་སྡུག་ཡོད་ཚད་རྒྱབ་ཏུ་ཁུར་བ་དང་བུ་ཕྲུག་ལ་སེམས་ཡག་པོ་ཞིག་དང་ནར་སོན་པའི་གོ་རིམ་དེ་མཛེས་སྡུག་ལྡན་པ་ཞིག་སྤྲོད་རྒྱུའི་འདུ་ཤེས་དེ་སེམས་སུ་ཉར་ཚགས་བྱས་ཡོད། ཕ་མ་ནི་ཁྱོད་ལ་མི་ཚེའི་འོད་སྣང་དེ་མཐོང་དུ་འཇུག་མཁན་གྱི་རླབས་ཆེ་བའི་མི་བུ་དེ་ཡིན་ལ། ཁྱེད་ཉིད་ཀྱི་དོན་དུ་རང་ཉིད་ཀྱི་ཡོད་ཚད་ཕུལ་ཡང་ནམ་ཡང་ཁྱོད་ཉིད་ལ་འཛུམ་དམུལ་དམུལ་བྱེད་པའི་བྱམས་བརྩེའི་བདག་པོ་ངོ་མ་དེའོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-07-13 4 4 阿坝日报藏文 c61300.html 1 གློག་བརྙན《མཛེས་སྡུག་གི་མི་ཚེ》ཞེས་པར་བལྟས་རྗེས་ཀྱི་མྱོང་ཚོར། /enpproperty-->