数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཁུལ་དབུལ་བྲལ་གནད་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཝུན་ཁྲོན་དུ་འཚོགས།

ལིའུ་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། དབྱང་ཁེ་ཉིང་གིས་ཚོགས་འདུའི་གཙོ་འགན་བཞེས། ཀུའུ་ཡུན་ལུང་དང་ཉི་མ་འབུམ། ལི་ཝེ་གོ་རྣམས་ཚོགས་འདུར་ཕེབས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ10བའི་ཚེས8ཉིན། ཁུལ་དབུལ་བྲལ་གནད་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཝུན་ཁྲོན་དུ་འཚོགས། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་རྣམ་གཉིས་ཀྱིས་དབུལ་བྲལ་གནད་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་སྐོར་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་ལེན་དུ་བསྟར་ནས། དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་སྒྲུབ་སྐབས་ཐུག་པའི་གནད་དོན་བཙལ་ནས་དབྱེ་ཞིབ་བྱས་པ་དང་། རིམ་པ་སོ་སོའི་དབུལ་བྲལ་གནད་སྒྲོལ་གྱི་དམིགས་འབེན་ལས་འགན་བསྣན་པ་བརྒྱུད། ནུས་ཤུགས་ཡོད་དགུས་སྤུས་ཚད་བཟང་བའི་སྒོས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་སུ་འགྲུབ་པར་འགན་ལེན་བྱས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་ཚོགས་འདུའི་གཙོ་འགན་བཞེས། ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་ཀུའུ་ཡུན་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཉི་མ་འབུམ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་རྣམས་ཚོགས་འདུར་ཕེབས།

ལིའུ་ཕིང་གིས་གསུང་དོན། ཟླ8པའི་ཚེས12ཉིན་ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་ལ་སྐུལ་བའི་ཚོགས་འདུ་འཚོགས་པ་ནས་བཟུང་། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱིས་ལྟ་ཞིབ་བྱས་རྗེས་བཏོན་པའི་གནད་དོན་གྱི་རྩིས་ཐོ་ལ་དམིགས་ཚད་བྱས་ཏེ། རང་མོས་ཀྱིས་ལས་དོན་བསྒྲུབས་པ་དང་མྱུར་དུ་དག་ཐེར་ལེགས་བཅོས་བྱས་ནས། དབུལ་སྐྱོར་མ་དངུལ་བེད་མེད་དུ་བཞག་པ་དང་སྒྲིག་འགལ་དུ་སྤྱད་པ། རྨང་གཞིའི་སྒྲིག་བཀོད་བསྐྲུན་ཚད་དལ་བ། ཞིང་ལས་དང་འབྲེལ་བའི་མ་དངུལ་སྡེབ་སྒྲིལ་ལེགས་པོ་མ་བྱས་པ་སོགས་ཀྱི་གནད་དོན་ཕན་འབྲས་ལྡན་པའི་སྒོས་ཐག་བཅད། ཡིན་ན་ཡང་ཞིང་ཆེན་དང་ཁུལ་གྱི་ཁག་གཉིས་པའི་སྐོར་ཞིབ་ཚན་ཆུང་གིས་ལྟ་ཞིབ་བྱས་ཚུལ་ལ་བལྟས་ན། ད་དུང་ཡིག་ཚགས་ཀྱི་ཆ་འཕྲིན་གནད་འཁེལ་མིན་པ་དང་རྣམ་གྲངས་སྐྲུན་ཚུལ་ཚད་དང་མི་མཐུན་པ། དབུལ་བྲལ་སྤུས་ཚད་བརྟན་བརླིང་མིན་པ། སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱས་མེད་པ། དྲིལ་སྒྲོག་སྣེ་ཁྲིད་གཏིང་ཟབ་ཏུ་སྤེལ་མེད་པ་སོགས་ཀྱི་གནད་དོན་ལྔ་གནས་ཡོད། མཐར་གཏུག་ནས་བཤད་ན། ས་གནས་ལ་ལ་དང་སྡེ་ཁག་ལ་ལར་སྲིད་སྐྱོང་བྱས་རྗེས་ཀྱི་འདུ་ཤེས་ཡང་དག་པ་མེད་པ་དང་ལས་ཀ་ལས་པར་ཕྱི་ཚུལ་རིང་ལུགས་ཙམ་ཡིན་པ། མང་ཚོགས་ལ་བརྩེ་དུང་ཟབ་མོ་མེད་པ་སོགས་ཀྱི་རྐྱེན་གྱིས་རེད། གནད་དོན་དེ་དག་མྱུར་དུ་ཐག་གཅོད་མ་བྱས་ན། ཁུལ་ཡོངས་ཀྱི་ལོ་ཧྲིལ་བོའི་དབུལ་བྲལ་ལས་འགན་ལེགས་སུ་གྲུབ་མི་ཐུབ་པར་མ་ཟད། རྩ་འཛུགས་ཀྱི་ཡིད་ཆེས་དང་མང་ཚོགས་ཀྱི་རེ་འདོད་སྟོང་ཟད་དུ་གཏང་ངེས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ས་ཇེ་མཐོ་དང་ཆབ་སྲིད་ཀྱི་རྣམ་འགྱུར་ཇེ་ལེགས། ཆབ་སྲིད་ཀྱི་ལས་འགན་སྒྲུབ་ཤུགས་བསྣན་ནས། མུ་མཐུད་དུ་འབད་འབུངས་མདུན་སྐྱོད་དང་གནད་སྒྲོལ་འགག་གཏོར་བྱས་པ་བརྒྱུད། དག་ཐེར་ལེགས་བཅོས་ཀྱི་སྤུད་ཚད་མཐོ་བ་དང་ཚད་གཞི་མཐོ་བ། ཆུ་ཚད་མཐོ་བའི་སྒོས་ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་སྤེལ་བར་སྐུལ་བ་དང་དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ལེགས་སུ་འགྲུབ་པ་དེ་འདུ་ཤེས་བཞི་ལ་ཞིབ་དཔྱད་བྱ་བའི་དམིགས་ཚད་གལ་ཆེན་ཞིག་ཏུ་བརྩི་དགོས།

ལིའུ་ཕིང་གིས་གསུང་དོན། གནད་དོན་ཐག་གཅོད་དང་མི་འདང་ས་ཁ་སྣོན་བྱ་དགོས། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཡིག་ཚགས་དོ་དམ་ཇེ་ལེགས་སུ་གཏོང་བ་དང་། དག་ཐེར་ལེགས་བཅོས་ཀྱི་ལས་ཀའི་རྩིས་ཐོ་དང་གྲོང་གསེབ་ཀྱི་ཡིག་ཚགས་དཔྱད་ཡིག་འཐུས་སྒོ་ཇེ་ཚང་དུ་གཏོང་བ། དུས་ཐོག་ཏུ་ཁྱིམ་ཚང་དབུལ་བོའི་གཞི་རྩའི་གནས་ཚུལ་དང་དབུལ་བོར་གྱུར་རྐྱེན། རྣམ་གྲངས་སྐྲུན་ཚུལ། དབུལ་བོ་ལས་ཐར་བའི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་གསར་བཅོས་བྱས་པ་བརྒྱུད། གཞི་རྩའི་ཆ་འཕྲིན་དེ་རྒྱལ་ཁབ་ཀྱི་ཆ་འཕྲིན་མ་ལག་ཏུ་བཀོད་པ་དང་མཐུན་པ་དང་དབུལ་སྐྱོར་དཔྱད་ཡིག་གི་ཡིག་ཚགས་དང་མཐུན་པ། གནས་ཚུལ་དངོས་དང་མཐུན་པ་སོགས་བྱ་དགོས། རྣམ་གྲངས་སྐྲུན་རིམ་ཇེ་མགྱོགས་སུ་གཏོང་བ་དང་། གང་མ་འདང་ན་དེར་ཁ་གསབ་བྱས་པ་བརྒྱུད། དམིགས་ཚད་ཀྱི་རྣམ་གྲངས་དེ་ཚད་གཞི་དང་མཐུན་ཚད་བརྒྱ་ཆ100རུ་བསླེབས་པ་འགན་ལེན་བྱ་དགོས། དབུལ་སྐྱོར་གྱི་ཆེད་ལས་རྣམ་གྲངས22སྐྲུན་ཤུགས་བསྣན་པ་དང་མ་དངུལ་གཏོང་སྤྱོད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་བསྣན་ནས། རྣམ་གྲངས་ཀྱི་མ་དངུལ་བེད་མེད་དུ་བཞག་པའི་གནས་ཚུལ་ལེགས་བཅོས་བྱ་དགོས། རྣམ་གྲངས་ཀྱི་སྤུས་ཚད་དོ་དམ་བྱེད་ཤུགས་བསྣན་ནས་ལས་གྲྭར་ཞིབ་བཤེར་རྩིས་ལེན་ནན་པོ་བྱ་དགོས།

ལིའུ་ཕིང་གིས་གསུང་དོན། དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་ལེགས་སུ་འགྲུབ་དགོས་པ་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་དམངས་ལ་བཞག་པའི་དམ་བཅའ་ཞིག་ཡིན་པས། ཁ་དན་ཚིག་གནས་གསེར་ལས་རིན་ཐང་ཆེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཏང་ནང་ལ་ཞུགས་པའི་དམ་བཅའ་བློ་ལ་ངེས་ནས། མཐོ་སྒང་མི་དམངས་ཀྱིས་དམ་བཅའ་བློ་ལ་ངེས་པའི་སྲོལ་རྒྱུན་བཟང་བོ་འདོན་སྤེལ་དང་ཏང་གི་རྩ་འཛུགས་ལ་འགན་ཁུར་བའི་ཆབ་སྲིད་རྣམ་འགྱུར་འདོན་པ། ཁ་ཞེ་མཐུན་པ་དང་ལས་ཀར་འབད་བརྩོན། སྒེར་སེམས་མེད་པའི་སྒོས་གྲོང་སྡེ་དང་ཡུལ་ཚོ(གྲོང་རྡལ།)རྫོང(གྲོང་ཁྱེར།) ཁུལ་བཅས་རིམ་གྱིས་ཁ་བཤད་ལག་བསྟར་བྱས་པ་བརྒྱུད། ཏང་ཡོངས་ཀྱིས་དམ་བཅའ་མངོན་འགྱུར་བྱེད་པའི་མཉམ་ཤུགས་བསྡུ་དགོས།

དབྱང་ཁེ་ཉིང་གིས་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱ་བར་དམིགས་ནས་གསུང་བཤད་གནང་།

ཚོགས་འདུར《ཞིང་ཆེན་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་ལོ་གསུམ་འགུལ་སྐྱོད་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱ་བའི་གྲོས་གཞི》དང《2018ལོའི་དབུལ་སྐྱོར་བྱ་ཡུལ་དབུལ་བོ་ལས་ཐར་བར་ཞིབ་བཤེར་རྩིས་ལེན་བྱ་བ་དང་ཏང་ཨུ་དང་སྲིད་གཞུང་གི་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་ལ་དཔྱད་ཞིབ་བྱ་བའི་ལས་ཀའི་འཆར་གཞི།》《10·17དབུལ་སྐྱོར་ཉིན་མོའི་བྱེད་སྒོ་སྤེལ་བའི་འཆར་འགོད》ལ་སོགས་པར་གྲོས་ཞིབ་བྱས། ཁུལ་ཨུའི་རྒྱུན་ཨུ། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཅིན་ཅེ་ཁྲང་གིས་ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་བཞི་བས་སྐོར་ཞིབ་བྱེད་སྐབས་བཏོན་པའི་གནད་དོན་དང་ཞིང་ཨུས་ཕྱིར་ལན་འདེབས་པའི་གནད་དོན་དག་ཐེར་ལེགས་བཅོས་བྱས་ཚུལ་བརྡ་ཁྱབ་བཏང་། ཁུལ་དཔོན་གཞོན་པ་ཚའེ་ཆིང་ལིས2018ལོའི་ཁག་གཉིས་པའི་ཞིང་ཆེན་དང་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་མངའ་ཁོངས་ཡོངས་སུ་ཁྱབ་པར་ལྟ་སྐུལ་སློབ་སྟོན་བྱས་ཚུལ་བརྡ་ཁྱབ་བཏང་། ཁུལ་དབུལ་སྐྱོར་གནས་སྤོར་ཅུས་ཀྱིས་རང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་ཚབས་ཆེ་བའི་ས་ཁུལ་གྱི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་དགོངས་དོན་ལག་ལེན་དུ་བསྟར་བའི་གྲོས་གཞི་ཡར་ཞུ་བྱས།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-12 ལིའུ་ཕིང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། དབྱང་ཁེ་ཉིང་གིས་ཚོགས་འདུའི་གཙོ་འགན་བཞེས། ཀུའུ་ཡུན་ལུང་དང་ཉི་མ་འབུམ། ལི་ཝེ་གོ་རྣམས་ཚོགས་འདུར་ཕེབས། 4 4 阿坝日报藏文 c68401.html 1 ཁུལ་དབུལ་བྲལ་གནད་སྒྲོལ་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་ཝུན་ཁྲོན་དུ་འཚོགས། /enpproperty-->