数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

གསར་འགྱུར་ཐུང་ངུ་།

▲ཉེ་ཆར། 2018ལོའི་རྔ་བ་ཁུལ་དང་ཁྲོ་ཆུ་རྫོང་གིས་སྔོན་གཤེགས་དཔའ་བོར་འདས་མཆོད་འབུལ་བའི་བྱེད་སྒོ་ཁྲོ་ཆུ་རྫོང་གི་གསར་བརྗེ་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ལས་རིགས་སོ་སོའི་འཐུས་མི་དང་ལྷན་དུ་བྱེད་སྒོར་ཕེབས།།

▲ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་མའོ་རྫོང་ནན་ཞིན་གྲོང་རྡལ་ཧྥུང་མའོ་ཕིང་གྲོང་སྡེ་དང་ཕན་ཁྲོན་གྲོང་སྡེར་ཕེབས་ནས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དྲིལ་སྒྲོག་དང་ལག་ལེན་དོན་འཁྱོལ་མཛད་པར་མ་ཟད། སློབ་སྦྱོང་ཆེན་པོ་དང་གྲོས་བསྡུར་ཆེན་པོ། བརྟག་ཞིབ་ཆེན་པོའི་བྱེད་སྒོའི་སྐོར་ཁག་གཉིས་པའི་ལས་ཀ་གཏིང་ཇེ་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།།

▲ཉེ་ཆར། རྔ་བ་ཁུལ་ལས་རིགས་སློབ་གྲྭའི་སྒོ་བྱང་འགེལ་བའི་མཛད་སྒོ་མའོ་རྫོང་དུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་མཛད་སྒོར་ཕེབས་པར་མ་ཟད། རྔ་བ་ཁུལ་ལས་རིགས་སློབ་གྲྭར་སྒོ་བྱང་ཡང་གནང་།།

▲ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་རྔ་བ་ཁུལ་གྱི་ཏང་སྲིད་འཐུས་མིའི་ཚོགས་པ་ཁྲིད་དེ་ཀྲེ་ཅང་ཞིང་ཆེན་གྱི་ཧུའུ་ཀྲོའུ་གྲོང་ཁྱེར་དང་ཝུན་ཀྲོའུ་གྲོང་ཁྱེར། ཧང་ཀྲོའུ་གྲོང་ཁྱེར་སོགས་སུ་ཕེབས་ནས་གྲོང་སྡེ་དར་རྒྱས་དང་བཞི་ལེགས་གཞུང་ལམ་བསྐྲུན་པའི་ཉམས་མྱོང་སློབ་སྦྱོང་མཛད་པར་མ་ཟད། ཀྲེ་ཅང་དང་རྔ་ཁུལ་གཉིས་ཀྱིས་ཤར་ནུབ་ས་ཁུལ་བར་དབུལ་སྐྱོར་རོགས་ལས་དང་རིགས་མཐུན་རོགས་སྐྱོར་བྱེད་པའི་ལས་ཀ་འབྲེལ་མཐུད་མཛད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-12 4 4 阿坝日报藏文 c68403.html 1 གསར་འགྱུར་ཐུང་ངུ་། /enpproperty-->