数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

རང་ཁུལ་གྱི་གྲོང་རྡལ་གཉིས་ལ་ནགས་ཚལ་ཅན་གྱི་གྲོང་རྡལ་ཆུང་བ་ཞེས་པའི་མཚན་སྙན་ཐོབ།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར་སྐབས་བརྒྱད་པའི་ཀྲུང་གོའི་ཁྲེང་ཏུའུ་ནགས་ཚལ་རིག་གནས་ལྗོངས་སྐོར་དུས་ཆེན་མགོ་ཚུགས་པའི་མཛད་སྒོའི་ཐོག་ཏུ་རང་ཁུལ་གྱི་འཛམ་ཐང་རྫོང་འཛམ་ཁོག་གྲོང་རྡལ་དང་ཁྲོ་ཆུ་རྫོང་མཁར་ལུང་གྲོང་རྡལ་གཉིས་ལ་ནགས་ཚལ་ཅན་གྱི་གྲོང་རྡལ་ཆུང་བ་ཞེས་པའི་མཚན་སྙན་ཐོབ། ད་ལྟའི་བར་དུ་རང་ཁུལ་དུ་ནགས་ཚལ་ཅན་གྱི་གྲོང་རྡལ་ཆུང་བ་གསུམ་ཡོད།

ནགས་ཚལ་ཅན་གྱི་གྲོང་རྡལ་ཆུང་བ་ཞེས་པ་ནི་ནགས་ཚལ་དང་བརླན་ས། སྔོ་ལྗང་སོགས་སྐྱེ་ཁམས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པ་དང་། རང་བྱུང་ཡུལ་ལྗོངས་མཛེས་པ། སྐྱེ་ཁམས་ཀྱི་སྣོད་བཅུད་ལྡན་པ། སྐྱེ་ཁམས་ཀྱི་ཞབས་ཞུའི་ནུས་པ་ཚང་བ། འདུག་སྐོར་གསོ་གསུམ་འོས་པའི་ཡུལ་གྲོང་ངམ་འདུ་སྡེ་ཞིག་རེད། རྗེས་མར་རང་ཁུལ་གྱིས་ནགས་ཚལ་ཅན་གྱི་གྲོང་རྡལ་ཆུང་བ་བསྐྲུན་འོས་པའི་ཡུལ་ཚོ་དང་གྲོང་རྡལ་མང་བོ་ཡར་ཞུའི་ཁོངས་སུ་གཏོགས་པར་བྱས་ནས། ཐོན་ཁུངས་ཀྱི་གནས་བབ་ཡག་པོར་བརྟེན་པ་དང་། རིག་གནས་དང་ལྗོངས་སྐོར་ཕན་ཚུན་འབྲེལ་འདྲེས་བྱེད་པ་འབུར་དུ་ཐོན་པ། ས་གནས་ཀྱི་ཁྱད་ཆོས་སྔོག་འདོན་གང་ལེགས་བྱེད་པ། ལྗོངས་སྐོར་གྱི་སྤུས་རྟགས་བསྐྲུན་པ། སྐྱེ་ཁམས་ཀྱི་ལྗོངས་སྐོར་སྤེལ་བ། དཔལ་འབྱོར་གོང་འཕེལ་གྱི་རོགས་འདེགས་སོགས་བྱ་རྒྱུ་རེད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-12 4 4 阿坝日报藏文 c68408.html 1 རང་ཁུལ་གྱི་གྲོང་རྡལ་གཉིས་ལ་ནགས་ཚལ་ཅན་གྱི་གྲོང་རྡལ་ཆུང་བ་ཞེས་པའི་མཚན་སྙན་ཐོབ། /enpproperty-->