数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

རྔ་བ་རྫོང་དུ་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔབའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླབས་འཕྱུར།

ངེད་གསར་འགྱུར་གྱི་གསར་བཀོད། ཉིན་ཁ་ཤས་རིང་། རྔ་བ་རྫོང་གིས་དོན་དངོས་ལ་ཟུང་འབྲེལ་དང་ཞིབ་ཕྲའི་ངང་རྩ་འཛུགས། དྲིལ་སྒྲོག་རྒྱ་ཁྱབ་དང་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་ལ་སྣེ་ཁྲིད་དང་། རིམ་པ་ཁག་མཉམ་འགུལ་སོགས་ཀྱི་རྣམ་པའི་ལམ་ནས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར།

ཞིབ་ཕྲའི་ངང་རྫོང་ཡོངས་ཀྱི་སློབ་སྦྱོང་དང་དྲིལ་སྒྲོག་ཐབས་ཇུས་གཏན་འབེབས་བཏང་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་རྔ་བ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ཤིང་། ཞིང་ཆེན་གསུམ་གྱི་འབྲེལ་མཚམས་ས་ཁུལ་གྱི་ས་ཁོངས་འཕེལ་རྒྱས་རྫོང་འཛུགས་སྐྲུན་བྱེད་པའི་ཐད་ལ་སྐུལ་འདེད་བཏང་། རྫོང་དེས་བོད་རྒྱ་སྐད་གཉིས་ཀྱི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། ལས་ཁུངས་དང་ཁེ་ལས། གྲོང་གསེབ་དང་དགོན་པ། དམག་དཔུང་དང་སློབ་གྲྭ་སོགས་སུ་བསྐྱོད་དེ། མང་ཚོགས་ཀྱིས་གོ་བ་ལེན་ཐུབ་པའི་བྱེད་ཐབས་ཀྱིས་དྲིལ་སྒྲོག་བྱེད་སྒོ་སྤེལ། དུས་མཚུངས་སུ། འཕྲེད་འགེལ་སྦྱར་ཡིག་དང་སྐད་འཕྲིན། འཕྲིན་ཐུང་དང་དྲིལ་སྒྲོག་སྒོ་བྱང་སོགས་གང་ལེགས་ཀྱིས་བེད་སྤྱད་དེ། སློབ་སྦྱོང་དང་དྲིལ་སྒྲོག་གི་ཁོར་ཡུག་བཟང་བོ་ཞིག་བསྐྲུན།

འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་ལ་སྣེ་ཁྲིད་དང་དཔེ་སྟོན་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱས། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་སོ་སོས་རང་གི་ལས་བགོས་མངའ་ཁོངས་ཀྱི་སློབ་སྦྱོང་དང་དྲིལ་སྒྲོག རིམ་པ་ཁག་གི་ཏང་རྩ་འཛུགས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པར་མཛུབ་སྟོན་དང་ལྟ་སྐུལ་བྱེད་འགན་འཁུར་བ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་ཏང་ཨུ་དང་། རྫོང་ཐད་གཏོགས་ལས་ཁུངས་ཚན་ཁག་གི་གྲུབ་མིའི་གཅིག་སྡུད་ཀྱིས་སློབ་སྦྱོང་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཞིབ་འཇུག་བྱེད་ཤུགས་དང་གོ་བ་ལོན་ཚད་ཐད་བྱེད་ཤུགས་ཆེ་རུ་བཏང་།

རྫོང་ཡོངས་ཀྱི་རིམ་པ་ཁག་གི་སྡེ་ཁག་གིས་རྩ་འཛུགས་སྒྲོག་འགྲེལ་དང་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱེད་པ། རོང་འབྲོག་དམངས་ཀྱི་མཚན་མོའི་སློབ་གྲྭར་སློབ་ཁྲིད་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བྱང་དུ་ཆུད་པ་དང་། སྦྱོང་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་རྒྱུ་དེ་ལས་དོན་དོན་འཁྱོལ་བྱེད་པའི་འགུལ་ཤུགས་སུ་བསྒྱུར་ནས། མུ་མཐུད་དུ་འགན་འཁྲི་འཁུར་སེམས་དང་མཁོ་གནད་ཆེ་བའི་འདུ་ཤེས་ཇེ་ཆེ་ཡོང་བར་བྱས་སོ།།

(འོད་གསལ་མཚོས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-12 4 4 阿坝日报藏文 c68414.html 1 རྔ་བ་རྫོང་དུ་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔབའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པའི་ཚ་རླབས་འཕྱུར། /enpproperty-->