数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

ཁྲོན་ནུབ་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཧུང་ཡོན་རྫོང་དུ་སློབ་མགོ་བརྩམས་པ།

ངེད་གསར་འགྱུར་གྱི་གསར་བཀོད། མིག་སྔར། སི་ཁྲོན་ཞིང་ཆེན་ནགས་ལས་ལས་བྱེད་སློབ་གྲྭས་འཛུགས་གཉེར་བྱས་པའི་ཁྲོན་ནུབ་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཧུང་ཡོན་རྫོང་དུ་སློབ་མགོ་བརྩམས། ཞིང་ཆེན་ཡོངས་ཀྱི་ཁྱད་དབུལ་རྫོང45ཡི་མི90ལྷག་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་ཞུགས།

ཐེངས་འདིའི་ཟབ་སྦྱོང་གིས་ཁྲོན་ནུབ་མཐོ་སྒང་གི་སྐྱེ་ཁམས་ཉམས་ཞན་གྱི་ཁུལ་ལ་ཕྱོགས་བསྡུས་ཀྱིས་བཅོས་སྐྱོང་དང་། བརླན་ས་སྲུང་སྐྱོང་དང་སླར་གསོ། ནགས་ཚལ་གྱི་ནད་འབུའི་གནོད་པ་འགོག་བཅོས་དང་ཕྱོགས་བསྡུས་དོ་དམ་ལག་རྩལ། ཧུང་ཡོན་རྫོང་གི་བརླན་སའི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་སོགས་ཀྱི་ནང་དོན་སྐོར་ལ་དམིགས་པ་དང་། དེ་ནི་སི་ཁྲོན་ནུབ་བྱང་གི་རྔ་བའི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཀྱི་བྱེད་ཐབས་ལག་ཏུ་བསྟར་བ། སྐྱེ་ཁམས་དར་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་ལག་ལེན་བྱེད་པ་བཅས་ཡིན། ཞིབ་འཇུག་ཟབ་སྦྱོང་བྱས་པ་བརྒྱུད། གོམ་གང་མདུན་སྤོས་སྒོས་གསོ་སྦྱོང་དུ་ཞུགས་མཁན་ཚོས་ཁྲོན་ནུབ་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོང་གི་རིགས་པའི་གཞུང་ལུགས་དང་ལག་ལེན་ལ་ངོས་འཛིན་བྱས་ཤིང་། ད་དུང་སློབ་སྦྱོང་གྲུབ་འབྲས་དག་ཡུལ་དེའི་སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོང་དང་སླར་གསོའི་ཐད་བེད་སྤྱོད་བྱས་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་དབུལ་བྲལ་གནད་སྒྲོལ་ཐད་ལ་ལེགས་སྐྱེས་གསར་བ་འབུལ་ཐུབ་བོ།།

(འོད་གསལ་མཚོས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-12 4 4 阿坝日报藏文 c68416.html 1 ཁྲོན་ནུབ་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་ཧུང་ཡོན་རྫོང་དུ་སློབ་མགོ་བརྩམས་པ། /enpproperty-->