数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཕྱིན་ཆད་ལོ་ལྔའི་རིང་དུ་ཞིང་ཆེན་ཡོངས་ཀྱི་ནགས་ལས་སྤུས་ལེགས་ཀྱིས་འཕེལ་རྒྱས་གཏང་བའི་དམིགས་འབེན་བཀོད།

2022ལོར་ནགས་ཚལ་ཁེབས་ཚད་བརྒྱ་ཆ40ལས་བརྒལ་རྒྱུ།

ངེད་གསར་འགྱུར་གྱི་གསར་བཀོད། 2022ལོའི་བར་དུ་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆ40ལས་བརྒལ་རྒྱུ་དང་། ད་ཡོད་ཀྱི་རྨང་གཞི་ལས་བརྒྱ་ཆ2ཙམ་འཕར་རྒྱུ་རེད། སྐབས་དེར་ཞིང་ཆེན་ཡོངས་སུ་ནགས་ལས་ཀྱི་ཐོན་སྐྱེད་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར5000ཙམ་དུ་བསླེབ་རྒྱུ་དེ་ནི་ཉེ་སྔོན་ཞིང་ཆེན་ནགས་ལས་ཐིང་གིས་ཕྱིན་ཆད་ལོ་ལྔའི་རིང་དུ་ནགས་ལས་སྤུས་ལེགས་ཀྱིས་འཕེལ་རྒྱས་གཏང་བའི་དམིགས་འབེན་བཀོད་པ་རེད།

དམིགས་འབེན་འདི་མངོན་འགྱུར་ཡོང་ཆེད། ཕྱིན་ཆད་ལོ་ལྔའི་རིང་དུ་རང་རེའི་ཞིང་ཆེན་གྱི་ཕྱོགས་གཅིག་ནས་སྡོང་བོ་གཟུགས་པ་དམ་འཛིན་དང་ཕྱོགས་གཞན་གཅིག་ནས་ལྗང་སྒྱུར་གྱི་སྤུས་ཚད་ལེགས་འཛིན་བྱ་རྒྱུ་རེད།

སྡོང་བོ་གཟུགས་པའི་ཐད་དུ་ཕྱིན་ཆད་ལོ་ལྔའི་རིང་དུ་རང་ཞིང་གིས་སྡོང་བོ་མུའུ་ཁྲི2500གཟུགས་པའི་འཆར་གཞི་བཀོད་པ་དང་། ལྗང་སྒྱུར་གྱི་སྤུས་ཚད་ལེགས་འཛིན་ཐད་དུ 2022ལོའི་བར་དུ་ནགས་ལས་མུའུ་ཁྲི800ཡི་སྤུས་ཚད་ཇེ་ལེགས་སུ་གཏང་བ་དང་གྲ་སྒྲིག་ནགས་ཚལ་མུའུ་ཁྲི300གཟུགས་པའི་དམིགས་འབེན་ལེགས་སུ་འགྲུབ་རྒྱུ་རེད།།

(ཚེ་རིང་འབུམ་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2018-10-16 ཕྱིན་ཆད་ལོ་ལྔའི་རིང་དུ་ཞིང་ཆེན་ཡོངས་ཀྱི་ནགས་ལས་སྤུས་ལེགས་ཀྱིས་འཕེལ་རྒྱས་གཏང་བའི་དམིགས་འབེན་བཀོད། 4 4 阿坝日报藏文 c68502.html 1 2022ལོར་ནགས་ཚལ་ཁེབས་ཚད་བརྒྱ་ཆ40ལས་བརྒལ་རྒྱུ། /enpproperty-->