数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

རྒྱལ་ཁབ་གློག་དྲས་མ་དངུལ་སྒོར་དུང་ཕྱུར50ལྷག་བཏང་ནས་དཀར་མཛེས་ཁུལ་དང་རྔ་བ་ཁུལ་སོགས་ས་ཁུལ་དབུལ་བོའི་གློག་དྲ་སྒྱུར་བཀོད་བྱས།

ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ2ཚེས17ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་གློག་དྲ་སི་ཁྲོན་ཞིང་ཆེན་གློག་ཤུགས་ཀུང་སིས་མ་དངུལ་སྒོར་དུང་ཕྱུར53.95གཏོང་རྒྱུའི་འཆར་གཞི་ཡོད་པའི་ཁྲོད་ཆན་ཕུའུ10དང་དེ་མན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར29.95དང་། ཆན་ཕུའུ35དང་དེ་ཡན་གྱི་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར24བཏང་ནས་གཙོ་བོ་སི་ཁྲོན་ས་ཁོངས་ནང་གི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་གློག་སྤྱོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་སྟེ་གྲོང་གསེབ་གློག་དྲའི་གློག་འདོན་སྤུས་ཚད་ལེགས་སུ་གཏོང་བ་དང་གློག་མཁོ་འདོན་བརྟན་པོ་ཡོང་བ་བྱ་རྒྱུ་རེད།

གནས་ཚུལ་དེ་ནི་གསར་འགོད་པར་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་ཤུགས་ཀུང་སིས་ཚེས15ཉིན་སི་ཁྲོན་ལེའང་ཧྲན་ཀྲོའུ་ཤིས་ཁྲང་གྲོང་ཁྱེར་དུ་འཚོགས་པའི་གློག་དྲ་འཛུགས་སྐྲུན་འགག་སྒྲོལ་གྱི་འགན་སྒྲུབ་དམ་འཇོག་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད།གློག་དྲ་ནི་གཞི་རྩའི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཅིག་ཡིན་ལ་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཞི་རྩའི་རྒྱུ་རྐྱེན་དང་འགན་ལེན་ཞིག་ཀྱང་རེད། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་དུ། ལེའང་ཧྲན་ཀྲོའུ་ཡིས་དམིགས་བསལ་མཐོ་གནོན་གློག་ཕྱིར་གཏོང་གི་ཐབས་ལམ་གཏོད་རྒྱུར་སྐུལ་འདེད་མྱུར་མོ་གཏོང་བ་དང་། གློག་མེད་ས་ཁུལ་དུ་གློག་ཤུགས་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་སོགས་དམངས་འཚོའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ། ཁུལ་དེའི་གློག་དྲའི་གློག་ཤུགས་ཕྱིར་གཏོང་གི་ནུས་པ་དེ་ཆན་ཝ་ཁྲི200ནས་ཆན་ཝ་ཁྲི1420བར་ཆེ་རུ་བཏང་བས། རིམ་རྩིས་བྱས་ན་གློག་ཤུགས་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར5874ཟིན་པ་དང་།རིམ་རྩིས་བྱས་ན་སྒོར་དུང་ཕྱུར39.16བཏང་ནས་གློག་མེད་པའི་དུད་ཚང་ཁྲི8.3དང་། གྲོང་ཚོ་དབུལ་བོ་1205 མི་འབོར་དབུལ་བོ་ཁྲི30.53བཅས་ཀྱི་གློག་སྤྱོད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

(《མི་དམངས་ཉིན་རེའི་ཚགས་པར》གྱིས་བཏོན།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-02-22 4 4 阿坝日报藏文 c75701.html 1 རྒྱལ་ཁབ་གློག་དྲས་མ་དངུལ་སྒོར་དུང་ཕྱུར50ལྷག་བཏང་ནས་དཀར་མཛེས་ཁུལ་དང་རྔ་བ་ཁུལ་སོགས་ས་ཁུལ་དབུལ་བོའི་གློག་དྲ་སྒྱུར་བཀོད་བྱས། /enpproperty-->