数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ལིའུ་ཕིང་གིས་ཧྭ་ནེང་སི་ཁྲོན་ཆུ་གློག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཞིང་གོ་དང་ཐུག་འཕྲད་གནང་།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ4བའི་ཚེས16ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཝུན་ཁྲོན་རྫོང་དུ་དབུལ་བྲལ་གནད་སྒྲོལ་གྱི་དབུལ་སྐྱོར་ལས་ཀ་སྤེལ་བཞིན་པའི་ཧྭ་ནེང་སི་ཁྲོན་ཆུ་གློག་ཚད་ཡོད་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་ལིའུ་ཞིང་གོ་དང་ཐུག་འཕྲད་གནང་ནས། ཕྱོགས་གཉིས་ཀྱིས་འོད་ཤུགས་གློག་འདོན་རྟེན་གཞི་བསྐྲུན་པ་དང་རླུང་ནུས་འོད་ཤུགས་གསར་སྤེལ་བྱེད་པ། ཐོན་ལས་དབུལ་སྐྱོར་གྱི་ལས་ཀ་སྤེལ་བ་སོགས་ཀྱི་ཐད་ནས་བསམ་བློ་བརྗེ་རེས་བྱས།

ལིའུ་ཕིང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ལིའུ་ཞིང་གོ་འཁོར་དང་བཅས་པ་རང་ཁུལ་དུ་ཡོང་ནས་དབུལ་བྲལ་གནད་སྒྲོལ་གྱི་ལས་ཀ་སྤེལ་བ་དང་རིགས་མཐུན་རོགས་སྐྱོར་གྱི་ལས་ཀ་སྤེལ་བ། ཕྱོགས་གཉིས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་དོན་འཁྱོལ་ལ་སྐུལ་འདེད་བཏང་བར་དགའ་བསུ་ཞུས་པར་མ་ཟད། རྔ་བ་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་དང་ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་སོགས་ཀྱི་ཐད་ནས་ངོ་སྤྲོད་མཛད།

ལིའུ་ཞིང་གོ་ཡིས་རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཧྭ་ནེང་སི་ཁྲོན་ཆུ་གློག་ཚད་ཡོད་ཀུང་སིའི་ལས་དོན་སོ་སོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཀུང་སིའི་གཞི་རྩའི་གནས་ཚུལ་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སོགས་ངོ་སྤྲོད་རགས་ཙམ་མཛད།།

(མགོན་པོ་ཚེ་བརྟན་གྱིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-04-23 4 4 阿坝日报藏文 c79289.html 1 ལིའུ་ཕིང་གིས་ཧྭ་ནེང་སི་ཁྲོན་ཆུ་གློག་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལིའུ་ཞིང་གོ་དང་ཐུག་འཕྲད་གནང་། /enpproperty-->