数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

ཚེ་ མདུད།

♦འོད་ཟེར། 【གོང་སྟོད།】

མ་བྲིས་རང་བྱུང་གི་ཆོས་ཉིད་ཁྲ་ཁྲ།།

བྲིས་ཀྱང་མ་ངེས་པའི་འཁོར་བའི་སྐྱིད་སྡུག།

ལས་ཀྱིས་དེད་པ་ཞིག་མིན་མིན་བཤད་ཀྱང་།།

སེམས་པའི་རི་ལུང་ན་ལྷང་ངེར་ཤར་ཡོད།།

འདི་ནས་མགོ་ཐོག་ནམ་མཁའ་ལ་བལྟས་ཏེ།།

སྤྲིན་པ་དམ་དུམ་ཞིག་བཤར་བའི་ཚུལ་ལ།།

དྲན་པའི་གཞས་ཆུང་དེ་ལེན་དགོས་བསམས་ཀྱང་།།

མགྲིན་པའི་འགྱུར་དབྱངས་ཀྱི་རྟ་ལ་མ་ཁུག།

ལོ་ཟླའི་ཨ་ལོང་ལ་གོར་སེར་སྐོན་པའི།།

དུས་ཚིགས་དེ་དག་ནི་ཇི་འདྲའི་མཛེས་པ།།

དེ་དུས་འུ་གཉིས་ཀ་ཆ་མེད་ཡིན་ཡང་།།

ཡིད་ཞེའི་འཕལ་ཀ་ནི་ངང་གིས་འཕྲོད་ཡོད།།

སེམས་སོང་ཕྲ་མོ་འདིའི་རྗེས་སུ་སྙེགས་ཏེ།།

ངལ་བས་རི་ཆུ་ནི་བརྒལ་བར་སྤོབས་ཀྱང་།།

སྐྱོ་བ་རླུང་ཆེན་གྱི་སྤུ་གྲི་རྣོན་པོས།།

གོམ་པའི་འདེག་འགྱོག་འདི་བསྒྱུར་ཐབས་མ་བྱུང་།།

ཚེ་ལོ་དཀར་ནག་གི་སྣང་བའི་མཐའ་རུ།།

མི་འདོད་རླུང་བུ་ནི་ལྡང་དགོས་མ་གསུངས།།

ཡ་ཆུང་ནང་དབུས་ཀྱི་སྙིང་ཐུབ་འདི་གོ།

བསྐལ་བརྒྱར་གནས་གཏན་གྱི་ཡིད་བཞིན་ནོར་ཡིན།།

འཁོར་བའི་ལ་རིང་དང་ལ་ཐུང་བརྒལ་ཏེ།།

འཇིག་རྟེན་སྣ་ཚོགས་ཀྱི་འཐབ་རར་ལྷུང་དུས།།

ང་རས་སྐྱོར་མ་ཞིག་ཏན་ཏན་མེད་ཀྱང་།།

ཅི་སྐྱོ་འུ་ཅག་ནི་འཁོར་བའི་མྱི་ཡིན།།

མྱི་ཁའི་ཚེར་ལམ་ཞིག་ཧོབ་ཀྱིས་གཤགས་ཏེ།།

རང་སྣང་ཡང་དག་ཅེས་ཞུ་དགོས་མེད་ཀྱང་།།

ལོ་བརྒྱའི་ལན་ཚིགས་ཀྱི་ཁ་དན་འདི་ག།

རང་གི་དད་འདུན་གྱི་དཀོན་མཆོག་དངོས་ཡིན།།

སྐྱེས་དམན་བཟང་ངན་གྱི་ཆོ་ག་མེད་ལ།།

དབང་ཐང་ལོངས་སྤྱོད་ཀྱི་གོ་རིམ་མེད་པར།།

འདང་བརྩེའི་འཕྲོད་སྦྱོར་ལ་ལྷག་པར་ཆགས་པའི།།

ཁྱིམ་དང་གཞི་མ་ཁྱོད་དམར་ཆུང་སྙིང་རེད།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-04-23 ♦འོད་ཟེར། 【གོང་སྟོད།】 4 4 阿坝日报藏文 c79299.html 1 ཚེ་ མདུད། /enpproperty-->