数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第03版:

རྔ་སྒྲ་ཡི་རྩོམ་བརྡ།

གུས་པར་འོས་པའི་ཀློག་པ་པོ་རྣམ་པ།

ཀློག་པ་པོ་རྣམས་ཀྱི་རེ་འདོད་ཇི་བཞིན་དུ་བསྐང་ཐུབ་ཆེད། ངེད་རྔ་སྒྲ་ཚང་གིས་གཟའ་སྤེན་པར་སྤེན་སྐྱིད་སྒྱུ་རྩལ་ཞེས་པ་དང་གཟའ་ཉི་མར་སྨྲ་ལྕེའི་འགྱུར་ཁུགས་ཅེས་པའི་ལེ་ཚན་གཉིས་གསར་དུ་བསྣན་ནས། སྒྱུ་རྩལ་ལ་འབྲེལ་བའི་བརྩམས་ཆོས་ཡིག་རིས་དང་སྒྲ་བརྙན་བཅས་ཀྱི་ལམ་ནས་ཀུན་གྱི་མིག་གི་དགའ་སྟོན་དང་རྣ་བའི་གསོས་སུ་འབུལ་རྒྱུ་ཡིན་པས། འདིའི་ཕྱོགས་ཀྱི་བརྩམས་ཆོས་ཡོད་ན་ངེད་རྔ་སྒྲ་ཚང་ལ་བསྐུར་བའི་རེ་བ་སྙིང་ཐག་པ་ནས་ཞུ།

གཟའ་སྤེན་པའི་སྤེན་སྐྱིད་སྒྱུ་རྩལ་གྱི་ལེ་ཚན་དུ་སྤྱི་ཚོགས་ཀྱི་རྩོམ་པ་པོ་དང་སློབ་ཆེན་སློབ་མའི་སྙན་ངག་དང་ལྷུག་རྩོམ། སྒྲུང་ཐུང་སོགས་རྩོམ་རིག་བརྩམས་ཆོས་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རྩོམ་ཡིག(མཛུབ་སྟོན་དགེ་རྒན་དང་རྩོམ་སྒྲིག་པའི་དཔྱད་གཏམ་ཐུང་ངུ་དང་སྦྲགས་ནས་འགོད་པ།) དེ་མིན་པར་རིས་དང་བྲིས། རི་མོ། བརྩམས་ཆོས་དཔྱད་བརྗོད། རྩོམ་པ་པོ་ངོ་སྤྲོད་སོགས་སྒྱུ་རྩལ་ལ་འབྲེལ་བའི་མི་སྣ་དང་བརྩམས་ཆོས་རྐྱང་རྐྱང་ཡིག་རིས་ཀྱི་ལམ་ནས་འགོད་རྒྱུ་ཡིན།

གཟའ་ཉི་མའི་སྨྲ་ལྕེའི་འགྱུར་ཁུགས་ཀྱི་ལེ་ཚན་དུ་སྙན་ངག་དང་ལྷུག་རྩོམ་གྱི་གྱེར་འདོན། ཆང་མཆོད་དང་གནས་བཤད་སོགས་དམངས་ཁྲོད་ཀྱི་གྱེར་བཤད། བརྩམས་སྒྲུང་དང་གནའ་གཏམ་སོགས་ངག་ཐོག་གི་སྒྲུང་བཤད། རིག་གནས་གང་རུང་གི་འཆད་ཁྲིད་བཅས་སྒྲ་བརྙན་གྱི་ལམ་ནས་འགོད་རྒྱུ་ཡིན།

འབྲེལ་གཏུག་བྱ་ཡུལ་དང་ཁ་པར་ཨང་གྲངས་འདི་ལྟ་སྟེ།

རྡོ་རྗེ་དཔལ། 15984719509

བསོད་ནམས་སྐྱིད། 18784368881

ཨོ་རྒྱན་བཀྲ་ཤིས། 17781072788

ཡིག་སྒམ། abazwqmt@163.com

རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་འཕྲིན་སྦྱོར་གསར་བའི་ཚན་ཁག་གིས།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-04-23 4 4 阿坝日报藏文 c79303.html 1 རྔ་སྒྲ་ཡི་རྩོམ་བརྡ། /enpproperty-->