数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

ཁུལ་དམངས་སྲིད་ཅུས་ཀྱིས་དྭ་ཕྲུག་དང་དཀའ་ངལ་ཅན་གྱི་བྱིས་པར་བརྩེ་བས་གཟིགས།

(གསར་འགོད་པ་གྲགས་པ་བསྟན་འཛིན།)

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར། ཁུལ་དམངས་སྲིད་ཅུས་ཀྱིས་རྔ་བ་ཁུལ་ཡིའུ་པང་སྡེ་ཁུལ་ཞབས་ཞུའི་ལྟེ་གནས་དང་ཀྲུང་གོའི་ལས་རྩལ་རྒྱན་ཤོག་རྔ་བ་ཁུལ་ཡན་ལག་ལྟེ་གནས་གཉིས་ཀྱི་སྤྱི་ཕན་ཡན་ལག་རུ་ཁག་ཆུང་ངུ་ཁྲིད་དེ་ཧུང་ཡོན་རྫོང་གི་ཚ་རུ་མ་ཡུལ་ཚོར་བསྐྱོད་དེ་དྭ་ཕྲུག་ཁྱིམ་ཚང་དང་། དཀའ་ངལ་ཅན་གྱི་བྱིས་པའི་ཁྱིམ་ཚང་ལ་འཚམས་འདྲི་བྱས་པ་རེད། དེར་ཚ་རུ་མ་ཡུལ་ཚོ་དང་ཧུང་ཡོན་རྫོང་གི་དམངས་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་པས་ཕེབས་རོགས་ཞུས་པ་རེད།

ཁུལ་དམངས་སྲིད་ཅུས་དང་བཅས་པ་དྭ་ཕྲུག་དང་དཀའ་ངལ་ཅན་གྱི་དུད་ཁྱིམ་རེ་རེར་སོང་ནས། སོ་སོའི་ལྟ་སྐྱོང་བ་དང་ངོ་ཐུག་སྟེ་བྱིས་པ་ཚོའི་འཚོ་བ་དང་སློབ་སྦྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་དང་ཞིབ་དཔྱད་བྱས་པ་དང་། ཁྱིམ་ཚང་གི་ཐོན་སྐྱེད་དང་ལས་ཞུགས་སོགས་ཀྱི་ཐད་འཕྲད་པའི་དཀའ་ཁག་ཟིན་ཐོར་ཞིབ་ཕྲ་བཀོད་ནས་དཀའ་ངལ་སེལ་རོགས་བྱ་བར་གཞི་འཛིན་ས་ཡོད་པ་བྱས། དེ་དང་ཆབས་ཅིག་ཏུ་དྭ་ཕྲུག་དང་དཀའ་ངལ་ཅན་གྱི་བྱིས་པའི་ཁྱིམ་ཚང་ལ་འབྲས་དང་། ཕྱེ། སྣུམ། ལག་རྩེད་སྤོ་ལོ། རྐང་རྩེད་སྤོ་ལོ། དཔེ་ཁུག་སོགས་འཚམས་འདྲིའི་དངོས་པོ་བྱིན་ཏོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-06-18 4 4 阿坝日报藏文 c82657.html 1 ཁུལ་དམངས་སྲིད་ཅུས་ཀྱིས་དྭ་ཕྲུག་དང་དཀའ་ངལ་ཅན་གྱི་བྱིས་པར་བརྩེ་བས་གཟིགས། /enpproperty-->