数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

བཙན་ལྷ་རྫོང་གི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་བའི་ལོ་ཤས་རིང་། བཙན་ལྷ་རྫོང་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་རྒྱུནའཁྱོངས་བྱས་ཤིང་། སློབ་གསོར་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བ་དང་། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་མུ་མཐུད་དུ་ལེགས་སུ་བཏང་ལ། རྫོང་ཡོངས་ཀྱི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེན་པོ་བྱུང་ཡོད།

སློབ་གསོའི་དམངས་ཕན་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། རྫོང་དེས་ལོ་བཅོ་ལྔའི་འོས་འགན་སློབ་གསོ་ཏན་ཏིག་ངང་སྤེལ་ཞིང་། འཕྲི་གཅིག་རོགས་གཅིག་དང་རྩ་ཆག་གསུམ། རྩ་ཆག་གཉིས་སོགས་སློབ་ཞུགས་རོགས་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས། ལོ་སྟོད་དུ་སློབ་མ་མི་ཐེངས་ཁྲི་1.4ལ་མ་དངུལ་སྒོར་ཁྲི་1309.8ཀྱིས་ཕན་ཐོགས།

སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་བསྣན། རྫོང་དེའི་ཁྲེང་ཀོན་སློབ་ཆུང་གཉིས་པའི་བཅའ་སྡོད་སློབ་མའི་ཉལ་ཁང་གསར་བ་སྤྱོད་མགོ་ཚུགས་ཤིང་། མེ་ཞིང་སློབ་ཆུང་གི་སློབ་ཁྲིད་ཕྱོགས་བསྡུས་ཐོག་ཁང་བཤིག་སྤོའི་ལས་མགོ་ཚུགས། སི་ཁྲོན་ཅ་ཞང་སློབ་གསོ་ཚོགས་པ་དང་མཉམ་འབྲེལ་བཞིའི་རོགས་སྐྱོར་བྱེད་སྟངས་བརྒྱུད་མི་རིགས་སློབ་གསོའི་སྤུས་རྟགས་སློབ་གྲྭ་བཏོད།

སློབ་གསོ་དང་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་ཕྱིན། ཟླ་དང་བོ་ནས་ཟླ་6པའི་བར་དུ། བསྡོམས་པའི་དགེ་རྒན་མི་ཐེངས་252ལ་གསོ་སྦྱོང་བྱས་ཤིང་། སྐད་ཡིག་ཁུལ་རིམ་པའི་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་བྱས་པ་བརྒྱུད།མཐོ་རྒྱུགས་ཀྱི་གྲུབ་འབྲས་སླར་ཡང་ཟིན་ཐོ་གསར་བ་བཏོད་ཡོད་ལ། ད་ལོར་རིག་ཚན་དང་རྩིས་ཚན་གྱི་སློབ་མ་7གྱིས་དངོས་གཞིའི་རྒྱུགས་ཚད་དང་པོར་འཕྲོད་ཡོད་པ་དང་སློབ་མ་32ཀྱིས་དངོས་གཞིའི་རྒྱུགས་ཚད་གཉིས་པར་འཕྲོད་ཡོད་ལ། དངོས་གཞིར་རྒྱུགས་འཕྲོད་ཚད་བརྒྱ་ཆ་11.11ཟིན་ཡོད་དོ།། (གསང་བདག་སྒྲོལ་མས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-10-15 4 4 阿坝日报藏文 c92808.html 1 བཙན་ལྷ་རྫོང་གི་སློབ་གསོའི་བྱ་གཞག་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་ཡོད། /enpproperty-->