数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་རྔ་བ་ཁུལ་དུ་བརྒྱུད་པའི་ལམ་མཚམས་ལ་ཁྱོན་སྒོར་དུང་ཕྱུར་157.32བཏང་ཟིན།

ངེད་གསར་འགྱུར་གྱི་གསར་བཀོད། ཉེ་ཆར་གསར་འགོད་པས་འབྲེལ་ཡོད་སྡེ་ཁག་ནས་རྒྱུས་ལོན་པ་ལྟར་ན། ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་རྔ་བ་ཁུལ་དུ་བརྒྱུད་པའི་ལམ་མཚམས་ལ་ཁྱོན་སྒོར་དུང་ཕྱུར་157.32བཏང་ཟིན། དེ་ལས་ད་ལོའི་ཟླ་1པ་ནས་ཟླ་11པའི་བར་དུ་སྒོར་དུང་ཕྱུར་12.77བཏང་ཡོད། མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔའི་བར་དུ་ཕུག་ལམ་15ཚང་མ་སྐྲུན་མགོ་ཚུགས་པ་དང་།ཟམ་པ་ཆེ་ཆུང་བར་གསུམ་36སྐྲུན་མགོ་ཚུགས་པ། ལམ་གཞི་སྨི་གྲུ་བཞི་མ་ཁྲི་487.15བརྐོས་ཡོད།

གཞན་ཡང་། ལྕགས་ལམ་སྐྲུན་སའི་ས་ཞིང་མུའུ་3413.98དང་ལམ་འགྲམ་གྱི་ས་ཞིང་མུའུ་152.29ཡུན་རིང་དུ་གཞུང་བསྡུས་བེད་སྤྱོད་བྱས་པ་དང་། ས་ཞིང་མུའུ་7884.1གནས་སྐབས་བེད་སྤྱོད་བྱས་པ། བཀོད་སྒྲིག་བྱེད་གནས་ས་ཞིང་མུའུ་733.03གཞུང་བསྡུས་བེད་སྤྱོད་བྱས་ནས་ཁྱིམ་ཚང་748གནས་སྤོ་བཀོད་སྒྲིག་བྱས།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2019-12-06 4 4 阿坝日报藏文 c97433.html 1 ཁྲེང་ཏུའུ་ནས་ལན་ཀྲོའུ་བར་གྱི་ལྕགས་ལམ་རྔ་བ་ཁུལ་དུ་བརྒྱུད་པའི་ལམ་མཚམས་ལ་ཁྱོན་སྒོར་དུང་ཕྱུར་157.32བཏང་ཟིན། /enpproperty-->