数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第04版:

གཟི་གསེར་གནམ་གྲུ་ཐང་གི་གནམ་གྲུ་ཟླ་5ཚེས་3 ཉིན་ནས་གྲོང་ཁྱེར་8ལ་འཕུར་རྒྱུ་རེད།

(གསར་འགོད་པ་འོད་གསལ་མཚོ།)

སི་ཁྲོན་ལྟ་ཞིབ་ཅེས་པའི་འཕྲིན་སྟེགས་ལས་ཤེས་པ་ལྟར་ན།ཟླ་3ཚེས་26ཉིན་རྔ་བ་ཁུལ་མཛེས་ལྗོངས་ཁུལ་གྱི་ལྗོངས་སྐོར་བ་སྣེ་ལེན་བྱ་བའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ལས་ཤེས་རྟོགས་བྱུང་བར།རྔ་བ་ཁུལ་གཟི་གསེར་གནམ་གྲུ་ཐང་གི་གནམ་གྲུ་ཟླ་5ཚེས་3ཉིན་ནས་པེ་ཅིང་དང་།ཁྲུང་ཆིང་།ཞི་ཨན།ཧང་ཀྲོའུ།ཁྲང་ཧྲ་སོགས་ཀྱི་གྲོང་ཁྱེར་8ལ་འཕུར་རྒྱུ་རེད།ཟླ་2ཚེས་25ཉིན་ནས་ཟུང་ཆུ་རྫོང་གིས་རིམ་བཞིན་ཁྲེང་ཏུའུ་དང་།ཏུའུ་ཅང་ཡན།མའོ་རྫོང་།འབར་ཁམས་སོགས་སུ་སྐྱོད་པའི་འགྲུལ་སྐྱེལ་རླངས་འཁོར་དང་།རྫོང་ཁུལ་གྱི་གླ་གཏོང་རླངས་འཁོར་དེ་བཞིན་གྲོང་གསེབ་ཀྱི་འགྲུལ་སྐྱེལ་རླངས་འཁོར་སོགས་ཀྱི་རྒྱུན་ལྡན་གྱི་ལས་གཉེར་སླར་གསོ་བྱས་པ་དང་།རྫོང་ཁུལ་དུ་ལྗོངས་སྐོར་ཞབས་ཞུའི་ས་ཚིགས་བཙུགས་ནས་དུས་ཚོད་24རིང་ཞབས་ཞུ་བྱེད་ཀྱིན་ཡོད།

གསེར་མཚོའི་མཛེས་ལྗོངས་ཁུལ་གྱིས་ཟླ་3ཚེས་31ཉིན་ནས་ལྗོངས་སྐོར་བ་སྣེ་ལེན་བྱ་བའི་གནས་ཚུལ་བསྒྲགས་པ་དང་ཟུང་ཆུ་རྫོང་གཙོ་ཚང་སྒུའི་A4རིམ་པའི་མཛེས་ལྗོངས་ཁུལ་དང་།ཟུང་ཆུའི་གནའ་མཁར་སོགས་ཀྱི་མཛེས་ལྗོངས་ཁུལ་ཁག་གཅིག་གིས་ཀྱང་ཟླ་3ཚེས་31ཉིན་ནས་རིམ་བཞིན་ལྗོངས་སྐོར་བ་སྣེ་ལེན་བྱ་རྒྱུ་རེད།

ཟུང་ཆུ་རྫོང་ཁོངས་ཀྱི་A5རིམ་པའི་གསེར་མཚོའི་མཛེས་ལྗོངས་ཁུལ་གྱིས་ཀྱང་རིམས་ནད་བྱུང་རྗེས་ཚོང་ར་བསྐྱར་དུ་ཆེ་རུ་བཏང་ནས།གསེར་མཚོའི་དུས་སྟོན་དང་།བཟའ་བཏུང་།མགྲོན་ཁང་སོགས་གཙོ་བོར་བྱས་པའི་ལྗོངས་སྐོར་བྱ་ཡུལ་གཏོད་རྒྱུ་དང་དེ་དང་ཆབས་ཅིག་ཟླ་5བར་སྟག་མའི་མེ་ཏོག་གི་དུས་སྟོན་དང་ཟླ་6པར་མཐོ་སྒང་གི་སྣ་མའི་མེ་ཏོག་དུས་སྟོན།ཟླ་7པར་ཆོས་ཚོགས་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་མང་པོ་སྤེལ་རྒྱུ་རེད་དོ།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-03-31 4 4 阿坝日报藏文 c106731.html 1 གཟི་གསེར་གནམ་གྲུ་ཐང་གི་གནམ་གྲུ་ཟླ་5ཚེས་3 ཉིན་ནས་གྲོང་ཁྱེར་8ལ་འཕུར་རྒྱུ་རེད། /enpproperty-->