数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ལིའུ་ཕིང་གིས་ཁུལ་ཨུའི་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུར་གསུང་བཤད་གནང་།

ངེད་གསར་འགྱུར་གྱི་གསར་བཀོད།ཟླ་5ཚེས་28ཉིན། ཁུལ་ཨུའི་ལྟེ་བའི་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས་གཅིག་སྡུད་སྒོས《སྲིད་ཁྲིམས་ལས་དོན་སྲོལ་ཡིག》སློབ་སྦྱོང་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁོང་གིས་ནན་གྱིས་བསྟན་དོན། 《སྲིད་ཁྲིམས་ལས་དོན་སྲོལ་ཡིག》དང་དུས་རབས་གསར་བའི་སྲིད་ཁྲིམས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས། སྲིད་འཛིན་བཅའ་ཁྲིམས་ལས་ཁུངས་ཀྱི་འགན་འཁྲི་དང་ཐོག་མའི་བསམ་འདུན་ལག་བསྟར་བྱས་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་འཆམ་མཐུན་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཁུལ་ཡོངས་ཀྱི་མི་དམངས་ལ་ཚད་ལྡན་གྱི་རྒྱུགས་ལན་གདབས་དགོས།

ཚོགས་འདུ་ལས་ནན་གྱིས་བསྟན་དོན། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། དམིགས་ཡུལ་བློ་ལ་བརྟན་ངེས་དང་གཙོ་གནད་འབུར་ཐོན། གཅིག་གྱུར་འཆར་འགོད། ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་དགོས། ཉེན་ཁ་ཚབས་ཆེན་ཧུར་ཐག་གིས་སྔོན་འགོག་དང་སེལ་ཐབས་བྱེད་དགོས། ཉེན་རྟོག་པར་གཅེས་སྐྱོང་བྱས་ནས་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་ལ་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-06-02 4 4 阿坝日报藏文 c112263.html 1 ལིའུ་ཕིང་གིས་ཁུལ་ཨུའི་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུར་གསུང་བཤད་གནང་། /enpproperty-->