数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཡིད་ཆེས་བྲག་བཞིན་བརྟན།། སྟོབས་ཤུགས་གཅིག་ཏུ་བསྒྲིལ།།

ལེ་ཚན་འགོད་པའི་གཏམ།

2020ལོ་ནི་དབུལ་བྲལ་གནད་སྒྲོལ་མཇུག་སྡུད་པའི་ལོ་དང་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་ཀུན་ནས་འགྲུབ་པར་བྱེད་པའི་ལོ་ཡིན་པས། རྒྱལ་ཁབ་ཀྱི་འགན་འཁྲི་ཕྲག་ལ་ཁུར་ཅིང་མི་སེར་གྱི་འདོད་འདུན་ཡིད་ལ་བཅངས་ཏེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དབུལ་བྲལ་གནད་སྒྲོལ་ནི་ཆེས་ལྗིད་པའི་ཆབ་སྲིད་ཀྱི་འགན་འཁྲི་དང་ཆེས་ཆེ་བའི་དམངས་འཚོའི་ལས་གཞི། ཆེས་བཟང་བའི་འཕེལ་རྒྱས་ཀྱི་གོ་སྐབས་བཅས་སུ་རྒྱུན་འཁྱོངས་ལྷོད་མེད་བྱས་ཤིང་།ལྗང་མདོག་འཕེལ་རྒྱས་དང་ཁོངས་ཡོངས་ལྗོངས་སྐོར། དབུལ་བྲལ་ཕྱུག་བརྩོན་བཅས་དཔེ་སྟོན་གསུམ་ལ་བརྩོན་པ་བགྱིས་པ་ནི། སྔ་ན་ཡོད་མ་མྱོང་བའི་སྟོབས་ཤུགས་དང་སྤྲོ་སེམས། མཐོང་ཆེན། མྱུར་ཚད་ཅིག་ཡིན་པས། དབུལ་བྲལ་གྱི་གྲུབ་འབྲས་ཀྱང་སྔ་ན་མེད་པ་ཞིག་སྟེ། ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་ལ་ཐག་ཆོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

རྔ་བའི་གཟི་དཔལ་ནི་ཕུགས་འདུན་ལ་བརྩོན་པའི་གཏམ་རྒྱུད་ཅིག་ཡིན་ལ། སྨྱན་སྦྱོར་གྱི་གཟི་དཔལ་ནི་དུས་རབས་ཀྱི་འཕོ་འགྱུར་ཟིན་བྲིས་སུ་གདབས་རྒྱུ་དེ་ཡིན། ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་ཆེན་པོ་ཀུན་ནས་མཚོན་ཆེད། སྲོལ་རྒྱུན་སྨྱན་སྦྱོར་དང་གསར་བྱུང་སྨྱན་སྦྱོར་གཉིས་ཀྱིས་ཡིག་རིས་བརྙན་གསུམ་གྱི་ལམ་ནས་ལེ་ཚན་བདུན་དུ་ཕྱེས་ཏེ། བསམ་བློས་ཕྱུག་ཅིང་རྩོམ་གཤིས་བཟང་བའི་གསར་འགྱུར་བརྩམས་ཆོས་མང་དུ་སྤེལ་ནས་དབུལ་བྲལ་གནད་སྒྲོལ་གྱི་ལོ་རྒྱུས་བརྒྱུད་རིམ་ཟིན་བྲིས་སུ་འདེབས་པ་དང་། སྡེ་སྡོད་དབུལ་སྐྱོར་ལས་བྱེད་པའི་བྱས་རྗེས་དང་དབུལ་ཕོངས་མང་ཚོགས་ཀྱི་བརྩོན་འགྲུས། ཕྱུག་སྒྱུར་འཇོན་ཅན་བཅས་ཀྱི་གནས་ཚུལ་གསོན་ཉམས་ལྡན་པར་ཀུན་གྱི་མིག་ལམ་དུ་བསྟར་རྒྱུ་ཡིན། ཚགས་པར་གྱི་ཁ་ཕྱེས་པ་ན། རྩམ་དྲི་མར་དྲི་འཐུལ་བའི་གསར་འགྱུར་རེ་རེ་མཐོང་ཐུབ་ལ། བརྙན་སྒོ་ཕྱེས་པ་ན། རང་སྟོབས་ཉམས་མེད་ཀྱི་སྒྲ་དང་བརྙན་རིས་རེ་རེ་མཐོང་ཐུབ། ཁ་པར་དང་དྲྭ་ལམ་ལ་བལྟས་པ་ན། དབུལ་བྲལ་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ H5དང་བརྙན་ཐུང་སོགས་མཐོང་ཐུབ་པར་མ་ཟད། རྔ་ཁུལ་གྱི་གཏམ་རྒྱུད་རེ་རེ་སྔར་བས་གསོན་ཉམས་ལྡན་ངེས། དེ་རིང་ནས་བཟུང་། ངེད་གསར་འགྱུར་ཁང་གིས་འབྱོར་འབྲིང་ཀུན་ནས་འགྲུབ་པར་བྱེད།།དབུལ་བྲལ་གནད་སྒྲོལ་ལས་ལ་བརྩོན་ཞེས་པའི་ཆེད་སྒྲིག་གསར་འགྱུར་སྤེལ་རྒྱུ་ཡིན་པས། ཀུན་གྱིས་དོ་སྣང་མཛད་རོགས།

འཕེལ་རྒྱས་ཀྱི་རྦ་རླབས་དྲག་ཏུ་འཕྱུར་བ་སྟེ། སྐུ་བླ་རི་བོའི་རི་འདབས་སུ་རྟ་བོའི་རྨིག་སྒྲ་ཐག་ཐག་ཏུ་གྲགས་ཤིང་། ལྗོངས་སྐོར་བ་རྣམས་ཀྱིས་རི་ཁུག་ཏུ་རྟ་ཕོ་བཞོན་ནས་གངས་རི་དང་སྤྲིན་ཚོམ་མིག་གི་ལོངས་སུ་སྤྱད། རྨིན་ཅང་གཙང་བོའི་འགྲམ་ངོགས་སུ་ཤིང་ཏོག་གི་དྲི་བསུང་འཐུལ་ལ། ཞིང་བ་རྣམས་སྦྲང་ཚོགས་བཞིན་སེའུ་མངར་ཐོན་སྐྱེད་རྟེན་གཞི་རུ་སིལ་ཏོག་འཐོག་པའི་ལས་ལ་བྲེལ། ཧུང་ཡོན་རྩྭ་ཐང་དུ་རྩྭ་ཆུ་མོད་ཅིང་ཕྱུགས་ལ་འཕེལ་ཁ་རྒྱས་པས། འབྲོག་པ་རྣམས་ཀྱི་རི་གླུ་སྙན་ཞིང་འཚོ་བ་སྐྱིད། དག་ཞིང་གི་རྔ་བར་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད། བགྲང་གིས་མི་ལོན་པའི་ཏང་ཡོན་ལས་བྱེད་པས་བོད་སྡེ་ཆའང་ཡུལ་དུ་དབུལ་བྲལ་ཕྱུག་འགྱུར་གྱི་ལམ་བུ་གསར་བ་བཏོད་བྱུང་ལ། རྔ་ལྗོངས་གཡང་གི་ར་བ་རུ། ངོ་མཚར་ཆེ་བའི་དབུལ་བྲལ་གཏམ་རྒྱུད་རེ་རེ་བྱུང་དང་འབྱུང་བཞིན་ཡོད།

དབུལ་བྲལ་གནད་སྒྲོལ་གྱི་ལག་ལེན་རླབས་པོ་ཆེའི་ཁྲོད་དུ་དུས་ཚོད་ནི་ཆུ་བོའི་བཞུར་རྒྱུན་བཞིན། རྔ་བའི་བུ་བུ་མོ་ཁྲི་94ཡིས་བརྗིད་ཆགས་མཛེས་སྡུག་ལྡན་པའི་འགྲུལ་སྐྱོད་ཀྱི་ལམ་ཐག་རིང་བོ་ཞིག་བརྒྱུད་དེ་དེ་རིང་གི་ཡངས་ཤིང་རྒྱ་ཆེ་བའི་ཆུ་ཁོངས་སུ་འབྱོར་ལ། དབུལ་བྲལ་གནད་སྒྲོལ་གྱི་རྟིང་མཐའི་རྒྱུགས་ལེན་བྱེད་མགོ་ཚུགས་ཡོད།

བརྩོན་པ་བསྐྱེད་ན་ད་གཟོད་དམིགས་དོན་འགྲུབ། དབུལ་བྲལ་གནད་སྒྲོལ་གྱི་མཐའ་མའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་སུ། རྔ་བ་ཁུལ་གྱིས་མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་སྟོབས་ཤུགས་གཅིག་སྒྲིལ་དང་དཀའ་སྒྲུབ་དངོས་སྒྲུབ། རྒྱལ་ཁ་ཕུ་ཐག་གཅོད་པའི་ཐབས་ལ་བརྟེན་ནས་མཁར་རྫོང་མཐའ་མ་དེ་གཏོར་བའི་དམ་བཅའ་བཞག་ཡོད།

དཀའ་ངལ་ཆེ་ཤོས་ཀྱི་དཀའ་གནད་གཙོ་གནད་དུ་བཟུང་ནས་མུ་མཐུད་དུ་གནད་སྒྲོལ་དཀའ་སེལ་བྱེད།

ས་ཁོངས་རང་བཞིན་གྱི་དབུལ་བོ་དབུལ་རྐྱང་ཁྱོན་ཡོངས་ནས་སེལ་རྒྱུ་ནི་ཏང་ཀྲུང་དབྱང་གིས་འཛམ་གླིང་ཡོངས་ལ་ཕུལ་བའི་བརྗིད་ཉམས་ལྡན་པའི་ཁས་ལེན་ཞིག་རེད།

ཚད་གཞི་མཐའ་འཁྱོངས་ཀྱིས་དུད་ཚང་41དང་དབུལ་བོ་221གི་དབུལ་བྲལ་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་དབུལ་བྲལ་གནད་སྒྲོལ་ཁྲོད་དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པའི་འགན་ལེན་བྱེད་དགོས་པ་དང་། སྤུས་ཚད་རྒྱུན་འཁྱོངས་དང་དབུལ་ཞྭ་ཕུད་ཟིན་པའི་རྫོང(གྲོང་ཁྱེར)དང་གྲོང་ཚོ། དབུལ་བྲལ་དུད་ཚང་ཕྱོགས་ཡོངས་ནས་ཇེ་ལེགས་དང་། དབུལ་འགོག་གི་ཕུགས་ཕན་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ། དབུལ་བྲལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ནས་ཁུལ་ཡོངས་སྤྱི་ཡོངས་བརྟན་པོའི་ངང་དབུལ་བྲལ་ཐུབ་པ་དང་རྒྱལ་ཡོངས་ཀྱི་ཞིང་ཆེན་ཡོངས་དང་མཉམ་དུ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་ཐུབ་པ་འགན་ལེན་བྱེད་དགོས། ཞེས་ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལས་དོན་གྱི་སྐུལ་འདེད་ཚོགས་འདུའི་ཐོག་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་གཏམ་བཤད་གསལ་བོ་གནང་ཡོད།

དེ་བས་ལས་འགན་ཁ་གསལ་ཞིང་དུས་ཚོད་ལ་ཚད་ཡོད། ཁུལ་ཡོངས་ཀྱིས་དཀའ་གནད་སྒྲོལ་བའི་ཚིགས་གནས་ཞིབ་ཚགས་སུ་བཏང་ནས་རྟིང་མཐའི་དམག་འཐབ་རྒྱག་མགོ་བརྩམས་བྱུང་།

— འབེན་ལ་ཤུགས་བཏོན་ནས་སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ་གྱི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་པ།

དབུལ་བྲལ་ཐུབ་མེད་པའི་མི་འབོར་ལྷག་མ་རྣམས་ལ་དམ་པོར་དམིགས་ནས། ཡོང་འབབ་གཅིག་དང་། སེམས་ཁྲལ་མེད་པ་གཉིས། འགན་ལེན་གསུམ་བཅས་ཀྱི་ཚད་གཞི་དང་ཞིབ་བསྡུར་ནན་པོ་བྱས་ནས་དབུལ་བྲལ་དམིགས་ཚད་ཁག་སྤུས་ཚད་མཐོ་ལ་ཚད་ལོན་པར་འགན་ལེན་བྱེད་དགོས།

གྲོང་གསེབ་ཀྱི་རྣམ་པ་གསར་བར་གྱུར་ནས་མང་ཚོགས་ལ་རེ་བ་ལྡན་བྱུང་། དབུལ་བྲལ་གྱི་ལམ་བུར་རང་ཁུལ་གྱིས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུ་དེ་དབུལ་བྲལ་གནད་སྒྲོལ་གྱི་འགག་རྩར་བརྩིས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་གྲོང་སྡེ་དབུལ་བོར་སྣུར་སྲིང་དང་། ལྷུ་ཚིགས་ཞན་སར་ཕྱོགས་པ། ཚད་གཞི་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཡོད།

— ཁུ་ཚུར་བསྡམས་ནས་དབུལ་བྲལ་གནད་སྒྲོལ་གྱི་སྟོབས་ཤུགས་ཆེ་ཤོས་གཅིག་ཏུ་བསྒྲིལ་བ།

འབྲེལ་གཉིས་སྒྲོག་གཅིག་གི་མང་ཚོགས་ལས་དོན་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས། ཁུལ་དང་། རིམ་ཁག་སྡེ་ཚན་ཁག་གི་ཏང་ཨུ(ཏང་ཙུའུ)ཡིས་རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། ལས་བྱེད་ལས་བཟོ་ཁྲི་3.5རྒྱུན་རྣམ་ཅན་དང་རོང་འབྲོག་མང་ཚོགས་དུད་ཚང་ཁྲི་19.2མཉམ་འབྲེལ་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཁར་རྫོང་གཏོར་བ་དང་། དབུལ་བྲལ་གནད་སྒྲོལ་དེ་གཏིང་ཟབ་པའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་བཏང་།

ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་འཇལ་ནས། རང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་དང་དབུལ་བྲལ་གནད་སྒྲོལ་དམག་འཐབ་ལེགས་པོ་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་དམག་འཐབ་ཀྱི་རིམས་ནད་འཐབ་འཛིང་དང་དབུལ་ཕོངས་ཕྱོགས་གཉིས་དམ་འཛིན་དང་གཉིས་ཀར་འཐུས་ཤོར་མི་འགྲོ་བ་རྒྱུན་འཁྱོངས་བྱས་ཡོད། ཁུལ་ཡོངས་ཀྱི་ལས་ཁུངས་ཀྱི་ལས་བྱེད་པ་ཁྲི་1.3དང་ཏང་ཡོན་ལས་བྱེད་པ་ཁྲི་3.9ལྷག་གིས་གནས་སྐབས་ཏང་རྩ་འཛུགས་98དང་དང་ལེན་ཞབས་ཞུའི་རུ་ཁག་2152བཙུགས་པ་དང་དང་ལེན་ཞབས་ཞུའི་ལས་གནས་4746བཙུགས་ཡོད། བྱ་སྤྱོད་དངོས་ལས་རྔ་བ་ཁུལ་ཞིང་ཆེན་ཡོངས་ཀྱི་ད་ལྟའི་ནད་པ་མེད་པའི་གྲོང་ཁྱེར་དང་ཁུལ་དུ་གྱུར་བར་སྐུལ་འདེད་བཏང་།

ཕུགས་ཕན་ལམ་སྲོལ་བཟོ་བ་དམ་འཛིན་བྱས་ཏེ་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།

དབུལ་ཕོངས་ལས་ཐར་ནས་དབུལ་ལོག་མི་བྱེད་པ་ནི་ད་གཟོད་དབུལ་ཐར་ངོ་མ་ཡིན།

(པར་ངོས་གཉིས་པར་གཟིགས།)

(པར་ངོས་དང་བོར་མཐུད།)

མིག་སྔར། ཁུལ་ཡོངས་སུ་ད་དུང་དབུལ་བྲལ་ལྟ་ཞིབ་ཚད་ལེན་དུད་ཚང་211གི་མི་866དང་མཐའ་མཚམས་དུད་ཚང་303གྱི་མི་1379ཡོད་པ་དེ་དག་གི་ཡོང་འབབ་ཅུང་དམའ་བ་དང་དབུལ་སྐྱོར་གྱི་ཚད་གཞི་དང་ཉེ་བས། དབུལ་བོར་བསྐྱར་ལོག་དང་དབུལ་བོར་འགྱུར་བའི་ཉེན་ཁ་ཡོད་ལ། དབུལ་བྲལ་གནད་སྒྲོལ་གྱི་དམག་འཐབ་ལེགས་པོ་རྒྱག་པར་ངེས་པར་དུ་མཐོང་ཆེན་དང་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་ཏུ་གྱུར་ཡོད།

— ཐོན་ལས་འཕེལ་རྒྱས་ཀྱི་འགན་གཙོ་བོ་འཁུར་བ་དང་མ་རྩ་བརྟན་གཏོང་དང་ཡོང་འབབ་བརྟན་འཕར་ཡོང་བ།

མཛོད་དགེ་རྫོང་དཔོན་སྐྱ་གྲོང་སྡེའི་གྲོང་མིས་རང་རང་སོ་སོའི་དཔལ་འབྱོར་ཆ་རྐྱེན་ལ་གཞིགས་ནས་ལྗོངས་སྐོར་རྣམ་གྲངས་མི་འདྲ་བ་བདམས་པ། མའོ་རྫོང་ཏུང་ཞིན་གྲོང་རྡལ་གྱིས་མཉམ་ལས་ཁང་དང་ཀུང་སི་མཉམ་གཉེར་རྣམ་པའི་ཐོག་ནས་གྲོང་སྡེ་དབུལ་བོ་5ཡིས་མཉམ་འབྲེལ་ཐོག་མའོ་རྫོང་གི་ཞིང་ཕྱུག་དམངས་ཕྱུག་ཆེད་དོན་མཉམ་ལས་ཁང་བཙུགས་ནས་ལོ་ཕྱེད་རིང་མཉམ་ལས་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་11ལོན་པ་སོགས་ཡོང་འབབ་འཕར་བའི་ཐབས་ལམ་ཇེ་མང་དུ་ཕྱིན།

— བདེ་ཐང་དབུལ་སྐྱོར་གྱི་དྲ་བ་ཚགས་དམ་པོར་བཟོས་ཤིང་རྗེས་ཀྱི་གནོད་འཚེ་བསལ་ནས་བདེ་སྐྱིད་ལ་བརྩོན།

བདེ་ཐང་དབུལ་སྐྱོར་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱས་ནས། དབུལ་ཕོངས་ཁྱིམ་དུད་ཀྱི་འགུལ་རྣམ་གསར་སྣོན་མི་འབོར་གྱི་སྨན་བཅོས་འགན་བཅོལ་ཁ་གསབ་སོགས་དུས་ཐོག་དང་དོན་ཐོག་ཏུ་འཁྱོལ་བ་དང་། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་འགན་སྲུང་མ་ལག་འཐུས་ཚང་དུ་བཏང་བ། མང་ཚོགས་ཀྱིས་རང་སར་ནད་ལ་ལྟ་བ་དང་སྨན་བཅོས་འགན་སྲུང་ཁྲོད་མི་གཅིག་ཀྱང་མི་ལུས་པ་འགན་ལེན་བྱས། བདེ་ཐང་གི་རྔ་བའི་བྱ་སྤྱོད་འཆར་གཞིར་ཁྱོན་ཡོངས་ནས་སྐུལ་འདེད་དང་། ཁྱིམ་ཚང་གི་གན་འཇོག་སྨན་པ་གྲོང་སྡེ་དང་ཁྱིམ་དུད་དུ་སྐྱོད་པ་དང་། སྒོ་རྩར་སྨན་བཅོས་ཞབས་ཞུ་མཁོ་འདོན། སྲིད་ཇུས་དྲིལ་སྒྲོག་བྱེད་པར་སྐུལ་འདེད་དང་། དམངས་ཡོངས་ཀྱི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ། སྡོད་དམངས་ཀྱི་བདེ་ཐང་བྱང་ཚད་དང་ཆ་སྙོམས་ཚེ་ཚད་ཇེ་མཐོར་བཏང་།

— བློ་གྲོས་དང་སྙིང་སྟོབས་ཀྱིས་དབུལ་ཞྭ་འབུད་པའི་སྐུལ་ཤུགས་བསླངས།

དབུལ་ཕོངས་དང་། ནད་བཅོས། གནོད་སེལ། རྨོངས་སེལ་བཅས་དམིགས་ཡུལ་དུ་བཟུང་ནས། དམར་དམག་གི་རྒྱང་སྐྱོད་སྙིང་སྟོབས་དང་ཡོམ་འགོག་གནོད་སེལ་གྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་། སྲི་ཞུ་དང་གྲོན་ཆུང་གི་ཀུན་སྤྱོད་དར་སྤེལ་དང་བཞི་བཟང་གྲོང་སྡེ་འཛུགས་སྐྲུན་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། དཔེ་མཚོན་སློབ་སྦྱོང་དང་སྲོལ་གསར་གཏོད་ལ། བསམ་བློའི་དབུལ་སྐྱོར་གྱི་ནུས་ཤུགས་བེད་སྤྱོད་བྱས་ནས། མང་ཚོགས་དབུལ་བོའི་དབུལ་བྲལ་གྱི་སྐུལ་ཤུགས་ཆེ་རུ་བཏང་ནས་ཁོང་ཚོའི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཡོད།

དེའི་རྗེས་རང་ཁུལ་གྱིས་དབུལ་བྲལ་གནད་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་རླབས་ཆེན་གྱི་འགྲུལ་བཞུད་བརྒྱུད་རིམ་ནང་། མུ་མཐུད་དུ་ཕུགས་འདུན་མངོན་འགྱུར་ཡོང་ཆེད་མཐུན་སྒྲིལ་གྱི་ལག་གདང་སྦྲེལ་ནས་སྔར་བས་གཟི་བརྗིད་ཆེ་བའི་དབུལ་སྐྱོར་ལེའུ་ཞིག་བརྩམ་རྒྱུ་ཡིན།།

(གསར་འགོད་པ་བསོད་ནམས་སྐྱིད།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-06-02 4 4 阿坝日报藏文 c112266.html 1 ཡིད་ཆེས་བྲག་བཞིན་བརྟན།། སྟོབས་ཤུགས་གཅིག་ཏུ་བསྒྲིལ།། /enpproperty-->