数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ལིའུ་ཕིང་གཟི་རྩ་སྡེ་དགུ་རྫོང་དང་ཟུང་ ཆུ་རྫོང་ལ་རྟོག་ཞིབ་ཏུ་ཕེབས།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་8ཚེས་1ཉིན་ནས་ཚེས་3ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གཟི་རྩ་སྡེ་དགུ་རྫོང་དང་ཟུང་ཆུ་རྫོང་གི་གཞི་རིམ་ལ་ཕེབས་ནས། གནོད་རྗེས་བསྐྱར་སྐྲུན་དང་བྲུག་འགོག་གནོད་སེལ། ས་གཤིས་གནོད་འཚེ་སྒྲིག་བཅོས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག གྲོང་གསེབ་ཀྱི་སྒྱུར་བཅོས་རྣམ་གཉིས། གྲོང་གསེབ་དར་རྒྱས། ཁོངས་ཡོངས་ལྗོངས་སྐོར་སོགས་ཀྱི་ལས་ཀར་རྟོག་ཞིབ་མཛད་ཅིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་བསྐྱངས་ཏེ། ཞིང་ཨུའི་སྐབས་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ཀུན་ནས་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་སྒྲིག་བཅོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་བ་དང་། གནོད་རྗེས་བསྐྱར་སྐྲུན་ལས་ཀུན་ནས་རྒྱལ་ཁ་བླངས་ཏེ། ཏང་དང་མི་དམངས་ལ་ཚད་དང་ལྡན་པའི་རྒྱུགས་ལན་ཞིག་གདབ་དགོས་ཞེས་གསུངས།

ཁུལ་གྱི་འགོ་ཁྲིད་པ་ལའོ་ཀྲི་པའོ་དང་དབྱང་ཞིན། ལིའུ་པའོ་ཐའོ། ཝང་ཧྲུའུ་མིང། ཁུལ་རིམ་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་རྣམས་རྟོག་ཞིབ་ཏུ་ཞུགས་ཡོད།

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-08-07 4 4 阿坝日报藏文 c120530.html 1 ལིའུ་ཕིང་གཟི་རྩ་སྡེ་དགུ་རྫོང་དང་ཟུང་ ཆུ་རྫོང་ལ་རྟོག་ཞིབ་ཏུ་ཕེབས། /enpproperty-->