数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第02版:

འབྱོར་འབྲིང་གི་འཚོ་བ་ལས་ཐོག་མའི་བསམ་འདུན་མངོན་པ།

2020ལོ་ནི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་བྱེད་པའི་མཇུག་སྡུད་པའི་ལོ་ཞིག་ཡིན་པས་གནད་སྒྲོལ་གྱི་ལས་འགན་ཧ་ཅང་ལྗིད།མིག་སྔར་ལོ་ཕྱེད་ཀ་ཙམ་སོང་ཡང་ཏོག་གསར་གློ་ཚད་ཀྱི་རིམས་ནད་མུ་མཐུད་དུ་ཐོན་བཞིན་ཡོད་པས་ས་ཆ་མི་ཉུང་བ་ཞིག་གིས་གཏན་འཁེལ་བྱས་པའི་དམིགས་ཡུལ་ལེགས་སྒྲུབ་བྱ་རྒྱུར་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད།ང་ཚོས་དམིགས་བསལ་གྱི་སྐབས་སུ་ནུས་ཤུགས་གང་ཡོད་བཏོན་ནས། ངེས་པར་དུ་ཐོག་མའི་བསམ་འདུན་གསལ་བོ་བཟུང་སྟེ་དཀའ་སེལ་གནད་སྒྲོལ་དང་དུས་ཚོད་དང་འགྲན་རྒྱུག དུས་བཀག་ལྟར་ལས་འགན་ལེགས་སྒྲུབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་མོས་སེམས་ཆེ་རུ་གཏོང་དགོས།

2020ལོར་སླེབས་སྐབས་རང་རྒྱལ་དུ་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དབུལ་སྒྲོལ་དང་།དབུལ་ཕོངས་རྫོང་ཡོངས་ཀྱི་དབུལ་ཞྭ་འབུད་པ།ས་ཁོངས་རང་བཞིན་གྱི་དབུལ་ཕོངས་སྤྱི་ཡོངས་ཀྱི་གནད་དོན་ཐག་གཅོད་བཅས་ཁག་ཐེག་བྱེད་པ་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་བཞག་པའི་གཟབ་ནན་གྱི་དམ་བཅའ་ཡིན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པར་བྱེད་པའི་གྲུབ་འབྲས་ཡིན།དམག་འཐབ་དྲག་པོ་དེར་ཕྱིར་བཤོལ་བྱེད་ས་དང་ལྡེམ་ཤུགས་གང་ཡང་མེད་ལ།རིམས་ནད་ཚུད་པའི་དཀའ་ངལ་གང་འདྲ་ཞིག་གིས་ཀྱང་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ།

དབུལ་བྲལ་གནད་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་དགོས།ཀྲུང་དབྱང་གིས་དབུལ་ཞྭ་ཕུད་མེད་པའི་རྫོང་དབུལ་བོ་52དང་དབུལ་བོའི་མི་གྲངས་མང་བ་དང་དབུལ་སྒྲོལ་གྱི་དཀའ་གནད་ཆེ་བའི་གྲོང་སྡེ་དབུལ་བོ་1113ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་ས་གནས་ཀྱིས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཡོད།གཞན་ཡུལ་དུ་ལས་གཉེར་སྐྱོད་པའི་ཆ་རྐྱེན་འཛོམས་མེད་པའི་རིགས་ལ་སྤྱི་ཕན་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབུལ་སྐྱོར་སྣེ་འདྲེན་ཁེ་ལས་དང་དབུལ་སྐྱོར་འཁོར་ཁང་། ཐོན་ལས་དབུལ་སྐྱོར་རྟེན་གཞི་བཅས་ཀྱི་ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་སྔོན་ལ་བཀོད་སྒྲིག་བྱེད་པ། ངལ་རྩོལ་ནུས་ཤུགས་དབུལ་བོ་སྔོན་ལ་བསྡུ་ལེན་བྱས་ནས་ལས་གཉེར་ལས་ཞུགས་བྱེད་པ་སོགས་དབུལ་བྲལ་གནད་སྒྲོལ་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ཆེས་དམའ་བར་གཏོང་ཞིང་། ས་གནས་ཁག་གིས་དབུལ་བྲལ་གནད་སྒྲོལ་དམག་འཐབ་ཀྱི་ངར་ཤུགས་ཉམས་དམས་སུ་མི་འགྲོ་བ་དང་ཚ་ཚ་འུར་འུར་ངང་སྤེལ་དགོས།

དབུལ་བྲལ་གནད་སྒྲོལ་གྱི་ལས་འགན་སྤུས་ཚད་མཐོ་བའི་ངང་ལེགས་འགྲུབ་ཐུབ་མིན་དང་འབྱོར་འབྲིང་གི་རྣམ་པ་གང་འདྲ་ཡོང་མིན་གྱི་འགག་རྩ་ནི་ཏང་ཡོན་ལས་བྱེད་པའི་ཐོག་མའི་བསམ་འདུན་ལ་ཐུག་ཡོད།ཕྱོགས་གཅིག་ནས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས། ཕྱོགས་གཞན་ཞིག་ནས་འཕྲལ་འགྲུབ་ཡོང་རེ་བྱེད་པའི་ངང་ཐུང་སྤངས་ནས།རིམས་ནད་ཀྱི་གནད་དོན་གསར་བ་ཐག་བཅད་ནས་དབུལ་སྒྲོལ་ལ་ཕན་འབྲས་ཐོན་པ་དང་རྒྱུད་མཐུད་ཐུབ་པའི་འགན་ལེན་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་དབུལ་སྐྱོར་གྱི་གྲུབ་འབྲས་གསར་བ་གཏོད་དགོས།

རྒྱལ་ཁ་ཇི་ཙམ་ཐོབ་ན་དེ་ཙམ་གྱིས་བློ་རྩེ་གཅིག་ཏུ་སྒྲིམ་དགོས།ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་།ཏན་ཏན་ཏིག་ཏིག་གིས་མདུན་དུ་བསྐྱོད་དེ་གོང་འོག་རྡོག་རྩ་གཅིག་ཏུ་བསྒྲིལ་ན།ང་ཚོས་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་གདབ་ཐུབ་ངེས་རེད།།

( དཔྱད་གཏམ་པ་འཇམ་དབྱངས་བློ་གྲོས)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-08-07 4 4 阿坝日报藏文 c120539.html 1 འབྱོར་འབྲིང་གི་འཚོ་བ་ལས་ཐོག་མའི་བསམ་འདུན་མངོན་པ། /enpproperty-->