数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ཇུས་གཞི་ཆེན་མོ་ལེགས་པར་འགོད།།བསམ་སྤྱོད་གཅིག་གིས་དཔེ་སྟོན་བསྐྲུན།།

ཁུལ་ཨུའི་རྒྱུན་ཨུ། གཟི་རྩ་་སྡེ་དགུ་རྫོང་རྫོང་ཨུའི་ཧྲུའུ་ཅི་ལའོ་ཀྲི་པའོ་ལ་བཅར་འདྲི་བྱས་པ།

ལེ་ཚན་འགོད་པའི་གཏམ།

ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ལྔ་འཆར་བཅུ་གསུམ་པའི་གྲུབ་འབྲས་ནན་གྱིས་ཕྱོགས་སྡོམ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ། ལྔ་འཆར་བཅུ་བཞི་བའི་འཕེལ་རྒྱས་ཇུས་འགོད། ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་སུ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ། ལས་དོན་རེ་རེ་ལེགས་པར་བསྒྲུབས་ཏེ་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་ཇེ་མགྱོགས་སུ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད། ངེད་གསར་འགྱུར་ཁང་གི་གསར་འགོད་པས་རྫོང་ཁག(གྲོང་ཁྱེར)13གྱི་ཧྲུའུ་ཅི་དང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་འགན་ཁུར་བ་གཙོ་བོ་རྣམས་ལ་ཆེད་དོན་བཅར་འདྲི་བྱས་ཏེ། དེ་རིང་ནས་བཟུང་། ཀྲུང་དབྱང་དང་ཞིང་ཨུ། ཁུལ་ཨུ་བཅས་ཀྱི་ཇུས་ཆོད་དོན་འཁྱོལ་བྱ།ལྔ་འཆར་བཅུ་གསུམ་པའི་མཇུག་ལེགས་པར་སྡུད།།ལྔ་འཆར་བཅུ་བཞི་བའི་ལེའུ་གསར་བ་འབྲི།།ཞེས་པའི་ལེ་ཚན་སྤེལ་རྒྱུ་ཡིན་པས། ཀུན་གྱིས་དོ་སྣང་གནང་རོགས།

2020ལོ་ནི་དབུལ་བྲལ་གནད་སྒྲོལ་ལས་རྒྱལ་ཁ་ལེན་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཀུན་ནས་འགྲུབ་པར་བྱེད་པ། ལྔ་འཆར་བཅུ་གསུམ་པ་མཇུག་སྡུད་པའི་ལོ་ཞིག་ཡིན་པས། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ལྔ་འཆར་བཅུ་གསུམ་པའི་གྲུབ་འབྲས་ནན་གྱིས་ཕྱོགས་སྡོམ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། ལྔ་འཆར་བཅུ་བཞི་བའི་འཕེལ་རྒྱས་ཇུས་གཞི་འགོད་པ་བཅས་ཀྱི་ཆེད། ཉེ་ཆར། གསར་འགོད་པས་ལྗང་མདོག་འཕེལ་རྒྱས་འཛུགས་སྐྲུན་དང་ཁོངས་ཡོངས་ལྗོངས་སྐོར། དབུལ་བྲལ་ཕྱུག་སྒྱུར་བཅས་ཀྱི་དཔེ་སྟོན་རྣམ་གསུམ་ལ་དམིགས་ནས། ཁུལ་ཨུའི་རྒྱུན་ཨུ། གཟི་རྩ་སྡེ་དགུ་རྫོང་རྫོང་ཨུའི་ཧྲུའུ་ཅི་ལའོ་ཀྲི་པའོ་ལ་བཅར་འདྲི་བྱས་པ་ཡིན།

གཟི་རྩ་སྡེ་དགུ་རྫོང་གིས་ལྗང་མདོག་འཕེལ་རྒྱས་དང་ཁོངས་ཡོངས་ལྗོངས་སྐོར། དབུལ་བྲལ་ཕྱུག་སྒྱུར་བཅས་ཀྱི་དཔེ་སྟོན་རྣམ་གསུམ་བཏོད་ཚུལ་ཐད། ལའོ་ཀྲི་པའོ་ཡིས་བསྐྱར་སྐྲུན་གྱི་ལོ་ངོ་གསུམ་རིང་། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་དང་ཞིང་ཆེན་དང་ཁུལ་རིམ་གྱི་འགོ་ཁྲིད་པ་རང་རྫོང་དུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་སྐབས་ཀྱི་བླང་བྱ་ནམ་ཡང་ཡིད་ལ་བཅངས་ཏེ། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་སྤྱོད་གཅིག་གྱུར་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་བླང་བྱ་རེ་རེ་དོན་འཁྱོལ་བྱས་ཤིང་། དཔེ་སྟོན་རྣམ་གསུམ་ལེགས་པར་བཏོད་པས་འགོམ་བརྒལ་གསར་བ་དང་གྲུབ་འབྲས་གསར་བ་ཐོབ་ཡོད། གཅིག་ནི་གནོད་རྗེས་བསྐྱར་གསོ་བསྐྱར་སྐྲུན་སྤུས་ཚད་མཐོ་བའི་ངང་ལེགས་པར་སྐུལ་འདེད་བཏང་ཡོད། ཁྱོན་མ་དངུལ་སྒོར་དུང་ཕྱུར་30.75བཏང་ནས་གཙོ་གནད་རྣམ་གྲངས་111བསྒྲུབ་དགོས་པ་ལས་རྣམ་གྲངས་106ལེགས་པར་གྲུབ་ཡོད་ལ། མ་དངུལ་བརྒྱ་ཆ་96.6བཏང་སྟེ། ལོ་གསུམ་རིང་གི་བསྐྱར་སྐྲུན་ལས་འགན་ཕལ་ཆེར་གྲུབ་ཡོད། དེ་དང་སྦྲགས་བསྐྱར་སྐྲུན་གྱི་གོ་སྐབས་དང་བསྟུན་ནས་རིམ་སྤར་རིགས་ཀྱི་རྣམ་གྲངས་སྐོར་ཅིག་ལག་ཏུ་བསྟར་བས། རྫོང་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་འགྲིམ་འགྲུལ། ཞབས་ཞུ་བཅས་མ་མཐའ་ཡང་ལོ་10ནས་20བར་དུ་རིམ་སྤར་བྱུང་ཡོད། གཉིས་ནི་དབུལ་བྲལ་གནད་སྒྲོལ་གྱི་དཔེ་སྟོན་མགྱོགས་མྱུར་ངང་འགྲུབ་པར་བྱས་ཡོད། རིགས་སོ་སོའི་གྲོན་དངུལ་སྒོར་དུང་ཕྱུར་32.17མཉམ་དུ་བསྡེབས་ནས། དབུལ་སྐྱོར་རྣམ་གྲངས་1047ལག་ཏུ་བསྟར་བ་དང་། གྲོང་སྡེ་5སྔ་མོ་ནས་གཅིག་སྡུད་དུ་ཡུལ་གཞན་དབུལ་སྐྱོར་གནས་སྤོར་བྱས་ཡོད་ལ། ཁྱིམ་ཚང་1608དང་དབུལ་ཕོངས་མང་ཚོགས་5688དབུལ་བྲལ་བྱུང་བ་དང་། དབུལ་ཕོངས་འབྱུང་ཚད་བརྒྱ་ཆ་12ཡོད་པ་དེ་བརྒྱ་ཆ་0ལ་ཆག་ཡོད་པར་མ་ཟད། དབུལ་རྫོང་གི་ཞྭ་མོ་རྒྱང་དུ་དོར། གསུམ་ནི་ཁོངས་ཡོངས་ལྗོངས་སྐོར་གྱི་དཔེ་སྟོན་མགྱོགས་མྱུར་ངང་འགྲུབ་པར་བྱས་ཡོད། ང་ཚོས་སྔ་གཞུག་ཏུ་སྒོར་དུང་ཕྱུར་14.5བཏང་ནས་མཛེས་ལྗོངས་ཁུལ་12ལེགས་པར་བསྐྲུན་པ་དང་གཟི་རྩའི་ལེགས་སྐྱེས་ཞེས་པའི་རིག་གནས་ཐོན་རྫས་རིགས་500ལྷག་གསར་དུ་ཐོན་ཡོད། འཛམ་གླིང་ན་གཟི་རྩ་སྡེ་དགུ་གཅིག་ལས་མེད་ལ། གཟི་རྩ་སྡེ་དགུར་གཟི་རྩ་སྡེ་དགུ་ཁོ་ན་མིན་པའི་ཁོངས་ཡོངས་ལྗོངས་སྐོར་གྱི་རྣམ་པ་ཕལ་ཆེར་ཆགས་ཡོད། ད་ལོར། རྫོང་ཡོངས་སུ་འགྲུལ་བ་མི་ཐེངས་ཁྲི་260སྣེ་ལེན་བྱས་ཏེ་ལྗོངས་སྐོར་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་36ལྷག་ཡོད་པས། མང་ཚོགས་ལ་སླར་ཡང་ལྗོངས་སྐོར་གྱི་ཁེ་ཕན་ཐོབ་བཞིན་ཡོད། (པར་ངོས་བཞི་བར་གཟིགས།)

(པར་ངོས་དང་བོར་མཐུད།)བཞི་ནི་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་མགྱོགས་མྱུར་ངང་འགྲུབ་པར་བྱས་ཡོད། མ་དངུལ་ཁྱོན་སྒོར་དུང་ཕྱུར་9.4བཏང་ནས་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ས་གཤིས་སྒྲིག་བཅོས་རྣམ་གྲངས་27ལེགས་པར་གྲུབ་ཡོད།ནགས་རྩྭ་ཡིས་ཁེབས་ཚད་བརྒྱ་ཆ་87དུ་སླར་གསོ་བྱུང་ཡོད། མཁའ་དབུགས་ཀྱི་སྤུས་ཚད་བཟང་ཚད་དང་ས་སྟེང་ཆུ་རྒྱུ་བཟང་ཚད། རང་བྱུང་ན་འདམ་སྲུང་སྐྱོང་ཚད་བརྒྱ་ཆ་100ལ་བསླེབས་ཡོད་ཅེས་བཤད།

ལའོ་ཀྲི་པའོ་ཡིས་ལྔ་འཆར་བཅུ་གསུམ་པའི་སྐབས་ནི་གཟི་རྩ་སྡེ་དགུ་རྫོང་གི་ལོ་རྒྱུས་སུ་ཆེས་རྒྱུན་ལྡན་ཞིག་མིན་ལ། ཧ་ཅང་དཀའ་ཚེགས་ཆེ་བའི་དུས་སྐབས་ཤིག་ཀྱང་ཡིན། ལོ་ངོ་ལྔ་རིང་གནོད་སྐྱོན་ཚབས་ཆེན་ཐེངས་མང་བོར་བྱུང་སྟེ་ལྗོངས་སྐོར་ལས་རིགས་ཕལ་ཆེར་མཚམས་ཆད་པའི་གནས་སུ་ལྷུང་། ཡིན་ནའང་། ལོ་ཤས་རིང་། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་དྲིན་གཟོ་ཡར་བརྩོན་དང་བདེན་འཚོལ་དངོས་སྒྲུབ། དཀའ་སྤྱད་སྡུག་རུས་བྱས་ཏེ་དོན་ཆེན་དང་དངོས་དོན་མང་བོ་བསྒྲུབས་ཏེ། རྫོང་ཡོངས་དཔལ་འབྱོར་བརྟན་ཐོག་སླར་འཕར་དང་ཀུན་ནས་སླར་གསོ་བྱུང་ཡོད། སྔོན་དཔག་ལྟར་ན་2020ལོར་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་སྒོར་དུང་ཕྱུར་33འབྱུང་བ་དང་ལྔ་འཆར་བཅུ་གསུམ་པའི་མཇུག་གི་ལྡབ་1.35ཡིན་ཞེས་བཤད།

ལའོ་ཀྲི་པའོ་ཡིས་གཞུག་ཕྱོགས་ཀྱི་ལས་དོན་སྐོར་གླེང་སྐབས། ང་ཚོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་ཞིང་ཨུ། ཁུལ་ཨུའི་རིམ་དང་རིམ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཏིང་ཟབ་མོར་དོན་འཁྱོལ་བྱེད་པ་དང་། གནོད་རྗེས་བསྐྱར་སྐྲུན་གྱི་ལས་འགན་ཀུན་ནས་འགྲུབ་པར་བྱེད་རྒྱུ་ཡིན་ལ། མི་རིགས་ས་ཁུལ་གྱི་ལྗང་མདོག་འཕེལ་རྒྱས་དང་དབུལ་བྲལ་འབྱོར་འབྲིང་ལ་བརྩོན་པའི་དཔེ་སྟོན་ཇེ་མགྱོགས་སུ་འགྲུབ་པར་བྱེད་རྒྱུ། ལྔ་འཆར་བཞི་བཅུ་བའི་ཇུས་གཞི་ལེགས་པར་བཀོད་དེ། ལྔ་འཆར་བཅུ་བཞི་བའི་བགྲོད་ལམ་གསར་བར་ཀུན་ནས་ཞུགས་རྒྱུ་ཡིན། ཁོངས་ཡོངས་འཕེལ་རྒྱས་ལྗང་མདོག་ནས་མགོ་འཛིན་པའི་སྤྱིའི་འཐབ་ཇུས་དང་ཁོངས་ཡོངས་བཞི་དང་གཟི་རྩ་བཞི་ཞེས་པའི་འཐབ་ཇུས་འཆར་གཞི་གཏིང་ཟབ་མོར་དོན་འཁྱོལ་དང་། གྲོང་གསེབ་དར་རྒྱས་ཇེ་མགྱོགས་སུ་སྤེལ་བ་སོགས་ཁོངས་ཡོངས་ལྗོངས་སྐོར་རོགས་འདེགས་གཙོ་བོར་གྱུར་པའི་རྫོང་ཡོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བའི་ལམ་ལ་བརྩོན་པ་བརྒྱ་འགྱུར་གྱིས་ཞུགས་རྒྱུ་ཡིན་ཞེས་བཤད། (གསར་འགོད་པ་མུན་ཁེར་སྐྱེས།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2020-10-27 ཁུལ་ཨུའི་རྒྱུན་ཨུ། གཟི་རྩ་་སྡེ་དགུ་རྫོང་རྫོང་ཨུའི་ཧྲུའུ་ཅི་ལའོ་ཀྲི་པའོ་ལ་བཅར་འདྲི་བྱས་པ། 4 4 阿坝日报藏文 c126211.html 1 ཇུས་གཞི་ཆེན་མོ་ལེགས་པར་འགོད།།བསམ་སྤྱོད་གཅིག་གིས་དཔེ་སྟོན་བསྐྲུན།། /enpproperty-->