数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

རིག་གནས་ཀྱི་རྒྱུན་ཐག་འཚོལ།། སྲུང་སྐྱོང་གི་ལས་ལ་བརྩོན།།

མའོ་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་གི་གནས་ཚུལ་བསྡུས་བཀོད།

ཆའང་རིགས་ནི་རང་རྒྱལ་དུ་མི་རིགས་ཀྱི་རུས་དེ་རུས་བརྐོས་ཡི་གེར་བཀོད་པའི་མི་རིགས་གཅིག་པུ་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རིམ་འགྱུར་ལོ་རྒྱུས་ཐོག་གི་འགྱུར་རྡོ་གསོན་པོར་འབོད། ཆའང་རིགས་ཀྱི་རིག་གནས་ནི་རང་རྒྱལ་གྱི་མི་རིགས་རིག་གནས་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཡིན་ཞིང་། མའོ་རྫོང་གི་ཆའང་རིགས་མི་གྲངས་ཀྱིས་རྒྱལ་ཡོངས་ཀྱི་ཆའང་རིགས་མི་གྲངས་ཀྱི་བརྒྱ་ཆ་30ཡན་བཟུང་ཡོད་ལ་རྒྱལ་ཡོངས་ཀྱི་ཆའང་རིགས་གཅིག་འདུས་འཚོ་སྡོད་ཀྱི་ལྟེ་བའི་ཁུལ་ཡིན། ཆའང་རིགས་ཀྱི་རིག་གནས་ཆེས་གནའ་ཉམས་བབ་ཆགས་དང་།ཆེས་རྫོང་མཐུག་པ།རྒྱུད་འཛིན་བྱེད་རྒྱ་ཆེ་ཤོས་བཅས་ཀྱི་ས་ཁུལ་ཞིག་ཀྱང་ཡིན་པས་ཆའང་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་གལ་ཆེན་འཁུར་ཡོད། 5·12ཝུན་ཁྲོན་ས་འགུལ་ཆེན་པོ་བྱུང་རྗེས་ཆའང་རིགས་ཀྱི་རིག་གནས་དང་འཚོ་གནས་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད། 2008ལོའི་ཟླ་10བར། ཆའང་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་ལས་དོན་སྤེལ་མགོ་ཚུགས་ཤིང་། སླར་གསོ་བསྐྱར་སྐྲུན་ཁྲོད། ཆའང་རིགས་ཀྱི་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་ཆེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རྒྱལ་ཁབ་རིམ་པའི་ཆའང་རིགས་ཀྱི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་བཙུགས་ལ། 《ཆའང་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་འཆར་འགོད་རྩ་གནད》གཏན་འབེབས་བྱས། སྲུང་སྐྱོང་གཙོ་བོ་དང་མྱུར་སྐྱོབ་དང་པོ། བེད་སྤྱོད་ལུགས་མཐུན། རྒྱུད་འཛིན་འཕེལ་རྒྱས་བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ལྟར། ཆའང་རིགས་ཀྱི་རིག་གནས་ཐོན་ཁུངས་བརྒྱུད་རིམ་ལྡན་པའི་ངང་ལེགས་སྒྲིག་དང་སྔོག་འདོན་བྱས་པ་དང་། ཆའང་གྲོང་བསྐྱར་སྐྲུན་བྱས་པ་ལས་ཆའང་རིགས་ཀྱི་རིག་གནས་གཞི་རྒྱུ་སྔར་བས་མངོན་པ་དང་། ཆའང་རིགས་ཀྱི་འཚེམ་དྲུབ་དང་འཛམ་གླིང་ཐོག་སྐད་གྲགས་ཆོད་པའི་རྟགས་ཅན་མང་བོ་མཉམ་ལས་ལེགས་པོ་བྱས་ལ། ཆའང་རིགས་ཀྱི་རིག་གནས་དང་ལྗོངས་སྐོར་ཟུང་དུ་འབྲེལ་བ་དང་ཆའང་རིགས་ཀྱི་རིག་གནས་དང་གསར་གཏོད་ཟུང་དུ་འབྲེལ་བ་སོགས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ཐོན་ནས་ཆའང་རིགས་ཀྱི་རིག་གནས་སྐྱེ་ཁམས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། མའོ་རྫོང་ནི་སྲུང་སྐྱོང་ཚོད་ལྟ་ཁུལ་གྱི་ལྟེ་བར་གནས་པས་ཆའང་རིགས་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུད་འཛིན་བྱེད་པའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བྱུང་།

རིག་གནས་རྒྱུད་འཛིན་བྱས་ནས་སྲུང་སྐྱོང་ལས་དོན་རྒྱ་ཆེར་སྤེལ།

མའོ་རྫོང་གིས་མི་ཤུགས་དང་།དངོས་ཤུགས།ནོར་ཤུགས་བཅས་ཕུད་ནས་ཆའང་རིགས་རིག་གནས་ལ་ཡོངས་ཁྱབ་ཞིབ་བཤེར་བྱས།སྡོམ་རྩིས་བྱས་པ་ལྟར་ན། དམངས་ཁྲོད་གཏམ་རྒྱུད་དང་། ལྷ་སྒྲུང་། གཏམ་དཔེ།ཡུལ་སྐད། དགོད་གཏམ། དམངས་གླུ་བཅས་ཁག་400ལྷག་དང་། དམངས་སྲོལ་དངོས་དཔེ་1200ལྷག་འཚོལ་སྡུད་བྱས། ལྷག་པར་དུ《མའོ་རྫོང་གི་དམངས་ཁྲོད་རིག་གནས་ལྷན་དེབ།》ཅེས་པའི་འཚོལ་བསྡུ་དང་རྩོམ་སྒྲིག་དཔེ་སྐྲུན་ལས་ཀ་ལེགས་གྲུབ་བྱུང་བས། ཆའང་གི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་རྨང་གཞི་བཏིང་། དུས་མཚུངས་སུ། མའོ་རྫོང་གིས་རྒྱུད་སྦྱོང་ཁང་དང་གཅིག་བསྡུས་འགྲེམས་སྟོན་བྱེད་གནས་ཟུང་འབྲེལ་བྱས་ཏེ། ཁྲེང་ཏུའུ་ནས་གཟི་རྩ་སྡེ་དགུའི་ལམ་ཐིག་ལ་མ་དངུལ་སྒོར་དུང་ཕྱུར་7.2བཏང་ནས་ཀྲུང་གོའི་གནའ་བོའི་ཆའང་གྲོང་དང་ཀྲུང་གོའི་ཆའང་རིགས་ཀྱི་དངོས་མང་བཤམས་སྟོན་ཁང་གསར་སྐྲུན་དང་བསྐྱར་བསྐྲུན་བྱས་ཤིང་། སྲོལ་རྒྱུན་གྱི་དུས་ཆེན་སླར་གསོ་དང་འགྲེམས་སྟོན་ནི་མའོ་རྫོང་གི་རིག་གནས་སྤུས་རྟགས་སུ་གྱུར་ཡོད།

རིག་གནས་ལས་དོན་རྒྱ་ཆེར་སྤེལ།

མའོ་རྫོང་གིས་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པ་དང་དོ་དམ་བྱེད་སྟངས་དེ་དོན་ཆེན་ལ་བརྩིས་ནས། མང་ཚོགས་སྲོལ་རྒྱུན་རིག་གནས་བྱེད་སྒོར་ཞུགས་པར་ཁྲིད་སྟོན་བྱེད་པའི་རྨང་གཞིའི་ཐོག་དམངས་ཁྲོད་ཀྱི་རིག་གནས་མི་སྣར་ཤུལ་བཞག་རིག་གནས་རྒྱུད་འཛིན་པར་མིང་ཐོ་འགོད་རྒྱུ་སྐུལ་མ་བཏང་། དེ་དང་མཉམ་དུ། གཏན་ཁེལ་བྱས་པའི་རྒྱུད་འཛིན་པ་ཚང་མར་གཞི་རྩའི་རྒྱུད་འཛིན་ནུས་པ་དང་ཆུ་ཚད་ལྡན་དུ་བཅུག མིག་སྔར། རྫོང་ཡོངས་སུ་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ཚབ་མཚོན་མི་སྣའི་ཁྲོད། རྒྱལ་ཁབ་རིམ་པ་ཅན་4དང་། ཞིང་ཆེན་རིམ་པ་ཅན་29དང་། ཁུལ་རིམ་པ་ཅན་47དང་། རྫོང་རིམ་པ་ཅན་78ཡོད་ལ། དངོས་མིན་ཤུལ་བཞག་རིག་གནས་ཀྱི་རྣམ་གྲངས་134རྒྱུད་འཛིན་བྱེད་བཞིན་ཡོད། རྒྱུད་འཛིན་པའི་རྒྱུད་འཛིན་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཆེད། མའོ་རྫོང་རིག་གནས་སྡེ་ཁག་གིས་ད་དུང་དཔྱད་ཞིབ་དཔྱད་འཇོག་གི་ལམ་སྲོལ་བཙུགས་ཡོད་ལ། ལོ་ངོ་10ལ་ཉེ་བའི་རིང་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པའི་རྒྱུད་འཛིན་བྱེད་སྒོ་དང་། སློབ་མའི་སློབ་ཡོན་དང་འཚོ་བའི་ཁ་གསབ་སོགས་ཀྱི་མ་དངུལ་སྒོར་ཁྲི་1706ལྷག་ལ་སླེབས་ཡོད། རྒྱུད་འཛིན་བྱེད་པའི་ཁྲོད་དུ། སྲོལ་རྒྱུན་རིག་གནས་ཀྱི་ཉིང་བཅུད་སྔོག་འདོན་བྱས་པ་དང་། མང་ཚོགས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་དུས་མཚུངས་སུ། ད་དུང་ཆའང་གི་རིག་གནས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་།རང་བྱུང་ཁམས་ལ་བརྩི་བཀུར་བྱེད་པ།མི་རིགས་མཐུན་སྒྲིལ་དང་ཕན་ཚུན་ཞི་མཐུན་ལ་དོ་སྣང་སོགས་ཡར་རྒྱས་བརྩོན་ལེན་བྱེད་པའི་སྙིང་སྟོབས་ཀྱིས་རྫོང་ཡོངས་སུ་སྤྱི་ཚོགས་ཀྱི་དར་སྲོལ་བཟང་བོ་སྔར་བས་ཆགས་པར་སྐུལ་འདེད་བཏང་བ་དང་།རིག་གནས་རྒྱུད་འཛིན་སྲུང་སྐྱོང་ནི་ཕུགས་ཡུན་གྱི་བྱ་གཞག་ཅིག་ཡིན་ཞིང་།མི་རབས་ནས་མི་རབས་བར་བརྒྱུད་དགོས།

མིག་སྔར། མའོ་རྫོང་གིས་སྡོད་གནས་ཁ་ཐོར་དང་།མི་འབོར་འགྲོ་འོང་ཆེ་བ།ཆེད་ལས་མི་སྣ་མི་འདང་བ།སྲུང་སྐྱོང་གི་རྣམ་པ་མི་འདང་བ།སྲུང་སྐྱོང་གི་རྣམ་པ་ད་དུང་ཡོངས་སུ་གྲུབ་མེད་པ་སོགས་ཀྱི་ཞན་ཆ་མང་བོ་ཡོད་པས། ཡང་བསྐྱར་ཤུགས་འདོན་གནད་ལ་འཁེལ་བ་དང་། ནན་ཏན་བརྡར་ཤ་གཅོད་པ།ཇུས་ཐག་འཚོལ་བ་བཅས་ཀྱིས་ཆའང་གི་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་སྔར་བས་ལམ་བུ་ཡངས་པོར་བསྐྱོད་དགོས་བྱུང་།

(གསར་འགོད་པ་བསོད་ནམས་སྐྱིད།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-01-22 མའོ་རྫོང་གི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་དང་སྲུང་སྐྱོང་གི་གནས་ཚུལ་བསྡུས་བཀོད། 4 4 阿坝日报藏文 c133921.html 1 རིག་གནས་ཀྱི་རྒྱུན་ཐག་འཚོལ།། སྲུང་སྐྱོང་གི་ལས་ལ་བརྩོན།། /enpproperty-->