数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

ལིའུ་ཕིང་གིས་གཟི་རྩ་སྡེ་དགུ་རྫོང་དུ་སྐྱེ་ཁམས་ཁོར་ཡུག གནད་དོན་སྒྱུར་བཅོས་ལ་རྟོག་ཞིབ་མཛུབ་སྟོན་གནང་བ།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་9ཚེས་13ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་གཟི་རྩ་སྡེ་དགུ་རྫོང་དུ་ཀྲུང་དབྱང་གི་ཁོར་ཡུག་ལྟ་ཞིབ་ལས་བཏོན་པའི་གནད་དོན་སྒྱུར་བཅོས་ཀྱི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་གནང་། བྱེ་རྡོའི་བཟོ་གྲྭ་སོགས་5+2ཁོར་སྲུང་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་སྒྱུར་བཅོས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་རྟོག་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློར་སྦྱོང་བ་ཟབ་མོ་བྱས་ཏེ། སྐྱེ་ཁམས་ཁོར་སྲུང་གི་ཆབ་སྲིད་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ནས། ཀྲུང་དབྱང་དང་ཞིང་ཆེན་གྱི་ཁོར་སྲུང་ལྟ་ཞིབ་ལས་བཏོན་པའི་གནད་དོན་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་དང་། སྒྱུར་བཅོས་གྲུབ་འབྲས་ཀྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་སྔར་བས་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།

གཟི་ཡུས་བྱེ་མའི་བཟོ་གྲྭ་རུ་ལིའུ་ཕིང་གིས་སྒྱུར་བཅོས་གནས་ཚུལ་དང་ཞིང་ས་སླར་གསོའི་གནས་ཚུལ་སོགས་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོང་གིས་བསྟན་དོན། གཟི་རྩ་སྡེ་དགུས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ཏུ་བསྟར་ཞིང་། ཞིང་ཨུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་བཏོན་པའི་གྲོས་ཆོད་བཀོད་སྒྲིག་རབ་དང་རིམ་པ་ལག་ཏུ་བསྟར་ནས། ཞིབ་བཤེར་དངོས་དང་སྒྱུར་བཅོས་དངོས་ལས་སྒྱུར་བཅོས་གོ་རིམ་གྱི་ཁེ་ལས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཏེ། བྱེ་མའི་བཟོ་གྲྭའི་དོ་དམ་དང་གཙང་བོའི་བཞུར་ཁོངས་ནས་བྱེ་མ་ལེན་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས། གནད་དོན་སྒྱུར་བཅོས་གནད་ལ་འཁེལ་བའི་སྒོ་ནས་སྒྱུར་བཅོས་གྲུབ་འབྲས་ཀྱིས་མང་ཚོགས་ཀྱི་ཡིད་མགུ་བ་དང་། སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པ། ལོ་རྒྱུས་ཀྱི་ཚོད་བགམ་ཐེག་པ་ཞིག་ཡོང་དགོས།

(གསར་འགོད་པ་ཆོས་རྒྱས་དང་ཚའེ་ཧྭ།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-09-17 4 4 阿坝日报藏文 c156055.html 1 ལིའུ་ཕིང་གིས་གཟི་རྩ་སྡེ་དགུ་རྫོང་དུ་སྐྱེ་ཁམས་ཁོར་ཡུག གནད་དོན་སྒྱུར་བཅོས་ལ་རྟོག་ཞིབ་མཛུབ་སྟོན་གནང་བ། /enpproperty-->