数字报刊 : 阿坝日报汉文版 | 阿坝日报藏文版 | 四川民族教育报 | 往期数字报 |
第01版:

མེན་རྔ་ཐོན་ལས་གླིང་གི་མཉམ་འབྲེལ་ཚོགས་འདུ་ཐེངས་དང་བོ་འཚོགས་པ།

ངེད་གསར་འགྱུར་གྱི་གསར་བཀོད། ཟླ་9ཚེས་14ཉིན། མེན་དབྱང་དང་རྔ་བའི་ཐོན་ལས་གླིང་གི་མཉམ་འབྲེལ་ཚོགས་འདུ་ཐེངས་དང་བོ་མེན་དབྱང་གྲོང་ཁྱེར་དུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝུའུ་ལི་ཡན་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་ལ། མེན་དབྱང་གྲོང་ཁྱེར་ཨུའི་རྒྱུན་ཨུ། ཧྲི་ཀྲང་གཞོན་པ་ལིའང་ལེ་ཡིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སུའུ་ཅུན་ཚོགས་འདུར་ཞུགས།

ཚོགས་འདུ་ལས། མེན་དབྱང་དང་རྔ་བའི་ཐོན་ལས་གླིང་མཉམ་འབྲེལ་ཚོགས་འདུའི་ཁོངས་མི་ཁག་གཅིག་དང་མཉམ་འབྲེལ་ཚོགས་འདུའི་ལས་དོན་ཚན་ཆུང་བཙུགས་པར་ཞིབ་འཇུག་བྱས་པ་དང《མེན་དབྱང་དང་རྔ་བའི་ཐོན་ལས་གླིང་གི་མཉམ་འབྲེལ་ཚོགས་འདུའི་གཞུང་དོན་གྲོས་མོལ་ལམ་སྲོལ》དང་།《མེན་རྔ་ཐོན་ལས་གླིང་གི་ཏང་གི་ལས་དོན་ཨུ་དང་དོ་དམ་ཨུའི་རྩ་འཛུགས་ཇུས་གཞི》《མེན་རྔ་ཐོན་ལས་གླིང་གི་ལས་སྟེགས་ཀུང་སི་འཛུགས་པའི་ཇུས་གཞི་དང་གྲོས་གཞི་འདོན་མཁན་གྱི་གྲོས་མཐུན་ཡི་གེ》བཅས་ལ་གྲོས་ཞིབ་བྱས།

ཚོགས་འདུ་ལས། མེན་དབྱང་དང་རྔ་བའི་ཐོན་ལས་གླིང་བསྐྲུན་རྒྱུ་ནི་ཞིང་ཨུས“ལས་དོན་མང་བོ་སྒྲུབ་པ་དང་གླིང་ལྔ་མཐུན་སྦྱོར་བྱེད་པའི”འཕེལ་རྒྱས་འཐབ་ཇུས་ལག་ལེན་བསྟར་ཆེད་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། མེན་དབྱང་དང་རྔ་བ་ས་གནས་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་། གྲ་སྒྲིག་ཞིབ་ཚགས། ཚན་རིག་དང་མཐུན་པའི་འཆར་འགོད་བཅས་བྱས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་དུས་མགོའི་ལས་དོན་ཐད་གྲུབ་འབྲས་ཆེན་པོ་ཐོབ་ཡོད། ས་གནས་གཉིས་ཀྱིས《མེན་རྔ་ཐོན་ལས་གླིང་གི་མཉམ་ལས་གྲོས་མཐུན》ལ་དངོས་སུ་མིང་རྟགས་བཀོད་པ་དེའི་ཐོག་ནས་མེན་རྔ་ཐོན་ལས་གླིང་འཛུགས་སྐྲུན་ཐད་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་མཚོན་ཡོད།

(བློ་བདག་གིས་བསྒྱུར།)

中共阿坝州委机关报 阿坝日报社出版
总编辑:何君 副总编辑:刘树刚 华文军 克波 杨刚
阿坝日报版权所有 未经书面授权 不得复制或建立镜像  蜀ICP备05005001号  违法和不良信息、虚假新闻举报:0837-2828785

2021-09-17 4 4 阿坝日报藏文 c156058.html 1 མེན་རྔ་ཐོན་ལས་གླིང་གི་མཉམ་འབྲེལ་ཚོགས་འདུ་ཐེངས་དང་བོ་འཚོགས་པ། /enpproperty-->